མཚོ་སྔོན་བོད་སྐད་རླུང་འཕྲིན། 2018-04-04
ཟླ་བཞི་བའི་ཚེས་གཉིས་ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་མཉམ་དུ་རླངས་འཁོར་ལ་བཞུགས་ཏེ་པེ་ཅིན་གྲོང་ཁྱེར་ཐུང་ཀྲིག་ཆུས་ཀྲང་ཅ་ཝུན་གྲོང་རྡལ་དུ་ཕེབས་ནས་རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས། པར་འདི་ནི་ཞི་ཅིན་ཕིང་གིས་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་སྡོང་བོ་འཛུགས་པའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས3ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས། མེས་རྒྱལ་ལྗང་སྒྱུར་བྱེད་དུས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་མི་ཀུན་གྱིས་ཉིན་ཐོག་ཟླ་བཞག་སྒོས་ནུས་ཤུགས་གང་ཡོད་བཏོན་ནས། མེས་རྒྱལ་གྱི་ས་གཞི་སྔར་ལས་ལྗང་མདོག་ཅན་དུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།
ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་མཉམ་དུ་རླངས་འཁོར་ལ་བཞུགས་ཏེ་པེ་ཅིན་གྲོང་ཁྱེར་ཐུང་ཀྲིག་ཆུས་ཀྲང་ཅ་ཝུན་གྲོང་བརྡལ་དུ་ཕེབས་ནས་རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།
སྡོང་བོ་འཛུགས་སྐབས། ཞི་ཅིན་ཕིང་གིས་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་པའི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་ནགས་སྐྲུན་ལྗང་སྒྱུར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་སྐོར་གླེང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྡོང་འཛུགས་ནགས་སྐྲུན་ནི་གནའ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་ཞིག་ཡིན། དེ་རིང་ང་ཚོས་འདི་ནས་སྡོང་འཛུགས་བྱེད་པ་ནི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འོས་འགན་ལག་བསྟར་བྱེད་པར་མ་ཟད། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ལེགས་བཅོས་བྱེད་པའི་སྤྱིའི་འགུལ་སྐྱོད་ཅིག་ཡིན། རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་སྤེལ་སྐབས། གྲངས་ཀ་ལ་ཡིད་འཇོག་བྱེད་པ་དང་སྤུས་ཚད་ལ་དེ་བས་ཀྱང་ཡིད་འཇོག་བྱེད་དགོས། ང་ཚོས་ཁོར་ཡུག་ལྗང་སྒྱུར་བྱེད་དགོས་པར་མ་ཟད་མི་དམངས་མང་ཚོགས་ལ་སྐྱིད་པའི་ཁོར་ཡུག་ཏུ་འཚོ་བ་རོལ་དུ་འཇུག་དགོས་པ་དང་མཛེས་པའི་ཁོར་ཡུག་གཞི་གཅིག་ཏུ་གྲུབ་པར་བྱེད་དགོས་ཟེར།
ཞི་ཅིན་ཕིང་གིས་གསུངས་རྒྱུར། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་གྱི་ནུས་པ་འདོན་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱུན་འཁྱོངས་ལྷོད་མེད་སྒོས་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ་བ་དང་། ཏན་ཏན་ཏིག་ཏིག་སྒོས་ལྗང་སྒྱུར་བཟོ་སྐྲུན་དམ་འཛིན་བྱེད་དགོས་ལ། འོས་འགན་སྡོང་འཛུགས་ཀྱི་འགན་འཁྲི་ལག་བསྟར་བྱེད་པའི་རྣམ་པ་ཕུན་སུམ་ཚོགས་པར་གཏོང་བ་དང་མི་ཀུན་གྱིས་ཉིན་ཐོག་ཟླ་བཞག་སྒོས་ནུས་ཤུགས་གང་ཡོད་བཏོན་ནས། ང་ཚོའི་མེས་རྒྱལ་སྔར་ལས་མཛེས་སྡུག་ཅན་དུ་བསྒྱུར་དགོས་ཟེར།
པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་སོགས་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10