རང་རྒྱལ་གྱི་ཐོན་དང་པོའི་གཙོ་མདའ་འབིགས་འཕྲུལ་བདེ་བླག་ངང་སྤྱོད་ཐུབ་པ་བྱུང་བ།

    མི་དམངས་དྲ་བ།    2018-04-02

      གསར་འགོད་པར་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཐོན་དང་པོའི་གཙོ་མདའ་འབིགས་འཕྲུལ་སླར་ཡང་བཟོས་པ་དེ་ཚེས་30ཉིན་ཧོ་ཧྥེའི་ལྕགས་ལམ་འགྲིམ་འགྲུལ་གྱི་ལམ་ཐིག་གསུམ་པར་ཨི་ཁུང་འབིགས་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་པ་དེ་ཐོག་ནས་རང་རྒྱལ་གྱི་འབིགས་འཕྲུལ་སླར་ཡང་བཟོ་བའི་ཆུ་ཚད་དང་འབིགས་འཕྲུལ་གྱི་གཙོ་མདའ་རང་རྟེན་ངང་བཟོ་རྒྱུ་ཚད་བརྒལ་ཆེན་པོ་བྱུང་བ་མངོན་ཡོད་པ་རེད།
     གསར་དུ་བཟོས་པའི་གཙོ་མདས་ཚངས་ཐིག་སྨི་6ནས་7བར་གྱི་འབིགས་འཕྲུལ་གྱིས་བསྟུད་མར་ལས་ཀ་ཆུ་ཚོད་ཁྲི་1.5ཡན་བྱེད་ཐུབ་པ་བྱུང་བ་དེ་ཐོག་ནས་རང་རྒྱལ་གྱིས་འབིགས་འཕྲུལ་གྱི་ལྟེ་བའི་ལག་རྩལ་ཁོང་དུ་ཆུད་ཐུབ་ནས་ཕྱི་རྒྱལ་གྱི་ཀུང་སི་ཉུང་ཤས་ཀྱི་ལག་རྩལ་སྒེར་སྡེམ་མེད་པ་བཟོ་ཐུབ་པ་བྱུང་བ་མཚོན་ཡོད་པ་རེད། 

  • ལེ་ཚན་སྔོན་མ།:གཡང་ཕྱུག་མཚོར2017ལོའི་རྒྱ་སྐད་ཀྱི་རྩེར་སོན་སྐྱེས་མའི་འཁྲབ་སྟོན་པའི་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:ན་ནིང་རང་རྒྱལ་གྱིས་དཔྱ་ཁྲལ་ཆག་ཡང་བཏང་ཚད་སྒོར་དུང་ཕྱུར་3800ལྷག་ཙམ་མང་དུ་ཕྱིན་པ།
  • དོ་སྣང་ཆེ་བའི་རྩོམ།