རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།ཁམས་པའི་དམག་མཆོག་བྱམས་པ་མཁས་གྲུབ།

མཁས་གྲུབ་ནོར་བུ།        2018-03-21

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།ཁམས་པའི་དམག་མཆོག་བྱམས་པ་མཁས་གྲུབ།

     ད་ལོའི་ཟླ3པར་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་རིང་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་དཀར་མཛེས་ནས་ཐོན་པའི་སྐད་སྒྲ་བར་མེད་དུ་བརྒྱུད་སྒྲོག་བྱས་པ་དང་། རང་ཁུལ་གྱི་དར་མདོ་ནས་ཡོང་བའི་བྱང་རྒྱུད་འཐབ་ཁུལ་སྐམ་དམག་ལུའེ་ག་གེ་མོའི་བོད་རིགས་ཤོག་དཔོན་བྱམས་པ་མཁས་གྲུབ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པར་མ་ཟད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཁོངས་མིར་བདམས་པ་རེད།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།ཁམས་པའི་དམག་མཆོག་བྱམས་པ་མཁས་གྲུབ།

བྱམས་པ་མཁས་གྲུབ་ཀྱི་ལོ་རྒྱུས་ཐུང་ངུ་།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།ཁམས་པའི་དམག་མཆོག་བྱམས་པ་མཁས་གྲུབ།

      བྱམས་པ་མཁས་གྲུབ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་གྱི་མི་ཡིན་ཞིང་། སྤྱི་ལོ1989ལོའི་ཟླ3པར་དར་མདོ་གྲོང་ཁྱེར་འགག་པ་ཤང་ལྕགས་ཟམ་ཁའི་གྲོང་སྡེ་རུ་སྐྱེས། 2006ལོའི་ཟླ12པར་དམག་དཔུང་ནང་ཞུགས་པ་རེད།

      ཁོ་རང་ལ་སྔ་རྗེས་སུ་སྤྱི་ཁྱབ་ཆབ་སྲིད་པུའུ་ཡིས་དམག་ཡོངས་ཀྱི་འཇོན་ནུས་ཅན་གྱི་སྔོན་ཐོན་པའི་མཚན་སྙན་གནང་བ་དང་། དམག་ཡོངས་དང་དམག་ཁུལ་ཀྱིས་དམག་གཅེས་དྲག་རྩལ་འགྲན་བསྡུར་གྱི་དཔེ་དམག་ཏུ་བདམས་པ། བཅིངས་འགྲོལ་དམག་གི་ཚགས་པར་གྱིས་དམག་ཡོངས་ཀྱི་ཤོག་གཙོ་བཟང་པོ་བརྒྱ་ཡི་གསར་འགྱུར་མི་སྣར་བདམས་པ། འབུམ་ཤོག་དམག་གིས་ཞང་ནན་ལི་ལ་སློབ་སྦྱོང་བྱེད་པའི་སྔོན་ཐོན་མི་སྒེར་ལ་བདམས་པ་དང་། ཐུང་ཧྭ་གྲོང་ཁྱེར་གྱིས་ཕུལ་བྱུང་གཞོན་ནུ་བཅུ་རུ་བདམས་པ་རེད། བསྟུད་མར་ལོ་དྲུག་གི་རིང་ལ་ལུའི་ཤོག་གིས་ཕུལ་བྱུང་དམག་མིར་བདམས་པ་དང་། མི་སྒེར་གྱི་བྱས་རྗེས་རིམ་པ་དང་པོ་ཐེངས་2དང་། རིམ་པ་གཉིས་པ་དང་རིམ་པ་གསུམ་པ་ཐེངས་རེའི་གཟེངས་བསྟོད་ཐོབ།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།ཁམས་པའི་དམག་མཆོག་བྱམས་པ་མཁས་གྲུབ།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།ཁམས་པའི་དམག་མཆོག་བྱམས་པ་མཁས་གྲུབ།


      2015ལོའི་ཟླ7པར་བྱམས་པ་མཁས་གྲུབ་སྐམ་དམག་དམག་དཔོན་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་། 2018ལོའི་ཟླ2པར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་བདམས་པ་རེད།

ཞི་ཅིན་ཕིང་གིས་བྱམས་པ་མཁས་གྲུབ་དང་མཇལ་འཕྲད་གནང་བ།

      2015ལོའི་ཟླ2པའི་ཚེས11ཉིན། ཞི་ཅིན་ཕིང་བཅས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་དམག་དམངས་ཀྱི་དཔྱིད་བསུའི་ཇ་སྟོན་ཚོགས་འདུར་ཞུགས་ཤིང་། སྐབས་དེར་བྱམས་པ་མཁས་གྲུབ་ཕུལ་བྱུང་དམག་མིའི་དཔེ་མཚོན་གྲས་ཀྱི་ཚབ་བྱས་ནས་བྱེད་སྒོ་དེར་ཞུགས་ཡོད་པས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ལ་སློབ་སྦྱོང་དང་འཚོ་བ། སྦྱོང་བརྡར་སོགས་ཀྱི་གནས་ཚུལ་དྲིས་པ་དང་། ཀྲུའུ་ཞིས་ཁོ་ལ་ད་དུང་ཁྱོད་རང་ཁམས་པའི་ཕོ་རྒོད་ཞིག་ཡིན་མིན་དྲིས་ཤིང་། ཁམས་པའི་ཕོ་རྒོད་ནི་འཛམ་གླིང་ཐོག་ལ་སྐད་གྲགས་ཆེ་བ་ཞིག་ཡིན་ཅེས་བསྔགས་བརྗོད་གནང་བ་རེད།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།ཁམས་པའི་དམག་མཆོག་བྱམས་པ་མཁས་གྲུབ།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།ཁམས་པའི་དམག་མཆོག་བྱམས་པ་མཁས་གྲུབ།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།ཁམས་པའི་དམག་མཆོག་བྱམས་པ་མཁས་གྲུབ།

      དེ་ལྟར། ཁམས་མི་ཉག་ཡུལ་ནས་མཚར་ལོངས་བྱུང་བའི་བྱམས་པ་མཁས་གྲུབ་ལ་ཁམས་པའི་དམག་མཆོག་ཅེས་པའི་མཚན་སྙན་ཐོབ་པ་དང་། ཁོ་ནི་ལང་ཚོ་དར་ལ་བབ་པའི་ཁམས་པའི་ཕོ་རྒོད་ཞིག་ནས་མདའ་མདེའུ་གནད་ལ་ཁེལ་བའི་ཕུལ་བྱུང་དམག་མི་ཞིག་ཏུ་གྱུར་པ་དང་། འཐབ་ནུས་དགུ་དང་ལྡན་པའི་འཇོན་ལྡན་ཤོག་དཔོན་ཞིག་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཏུ་གྱུར་པ་རེད།




  • ལེ་ཚན་སྔོན་མ།:རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་གྲོལ་བ།
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག26གི"འགོ་འཛིན་གསར་པ"ཡི་མིང་ཐོ།
  • དོ་སྣང་ཆེ་བའི་རྩོམ།