མི་དམངས་དྲ་བ། 2018-03-16
ཟླ་3ཚེས་14ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཏེ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ། རྒྱུན་ལས་ཨུ་ཡོན་བཅས་འདེམས་བསྐོ་བྱས་ཤིང་། ཚོགས་འདུ་གཙོ་སྐྱོང་བས་དབང་དབྱང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་ལུགས་ཁྱབ་བསྒྲགས་གནང་རྗེས་ཡུས་ཀྲེང་ཧྲེང་གིས་དགྱེས་ཚོར་ཆེན་པོས་དབང་དབྱང་ལ་ཕྱག་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
འབད་འབུངས་ཆེན་པོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་རྒྱང་སྐྱོད་ལམ་བུའི་ཐོག་མི་དམངས་སྲིད་གྲོས་ཀྱི་སྐབས་གསར་རྙིང་སླར་ཡང་བརྗེ་རེས་བྱ་རྒྱུ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། ཚེས་14ཉིན་གྱི་ཕྱི་དྲོར་འཚོགས་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དབང་དབྱང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་འདེམས་བསྐོ་བྱས་པ་དང་ཚོགས་འདུའི་ཐོག་དུས་མཚུངས་སུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་24བདམས་ཐོན་བྱུང་བ་རེད།
འདེམས་བསྐོ་བྱས་འབྲས་སྒྲོག་སྦྱངས་མ་བྱས་གོང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་ཆེན་གྱི་དབང་དབྱང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། ཚོགས་རར་ཕེབས་ནས་བདམས་ཐོན་བྱུང་གྲབས་ཡོད་པའི་སྐབས་གསར་པའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྟེན་འབྲེལ་ཞུས་པ་རེད། ཆུ་ཚོད་17དང་སྐར་མ་15ཡི་ཐོག་ཚོགས་འདུ་གཙོ་སྐྱོང་བས་དབང་དབྱང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་ལུགས་ཁྱབ་བསྒྲགས་གནང་རྗེས་ཡུས་ཀྲེང་ཧྲེང་གིས་དགྱེས་ཚོར་ཆེན་པོས་དབང་དབྱང་ལ་ཕྱག་བཏང་གནང་བ་དང་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།
ཚོགས་འདུའི་ཐོག་བདམས་ཐོན་བྱུང་བའི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ནི། ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། དབན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝེ། མ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། དབང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་རེད། ཚོགས་འདུའི་ཐོག་ཞ་པའོ་ལུང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་པ་དང་འབྲེལ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་300བདམས་པ་རེད།
ཚོགས་འདུ་ཆུ་ཚོད་15པའི་ཐོག་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཀྲང་ཆིང་ལི་དང་། ཏུང་ཅན་ཧྭ། ཧོ་ཧོའུ་ཧྭ། ལེང་ཀྲེན་དབྱིང་བཅས་ཡིན་པ་དང་ཀྲང་ཆིང་ལིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ཁྱོན་2158ཡོད་པ་དང་དེ་རིང་དངོས་སུ་ཕེབས་པའི་ཨུ་ཡོན་2144ཡོད་པས་འདེམས་བསྐོའི་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་གྱི་ཡོད།
འདེམས་བསྐོ་མ་བྱས་གོང་ཚོགས་འདུ་གཙོ་སྐྱོང་བས་དང་ཐོག་ལས་དོན་མི་སྣ་གདན་དྲངས་ནས་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མཚན་ཐོ་སྒྲོག་སྦྱངས་བྱས་པ་རེད། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པ་དེ་མ་ཐག་རང་ཉིད་ཀྱི་སྡོད་གནས་སུ་བསྡད་པ་དང་འདེམས་ཤོག་ལྟ་ཞིབ་པས་ཚོགས་ར་ཡོངས་ཀྱི་འདེམས་ཤོག་བླུག་སྒམ་23ལ་ཞིབ་བཤེར་བྱས་པ་རེད། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་གཉིས་ཀྱིས་ཚོགས་འདུའི་ཐོག་ཞིབ་བཤེར་བྱས་འབྲས་སྙན་ཞུ་ཕུལ་བ་རེད།
དེའི་རྗེས་ལས་དོན་མི་སྣས་འདེམས་ཤོག་སྤྲོད་འགོ་ཚུགས་པ་རེད། འདེམས་ཤོག་དེ་ཁག་གཉིས་སུ་དབྱེ་བ་སྟེ་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ་བཅས་འདེམས་པའི་འདེམས་ཤོག་དང་རྒྱུན་ལས་ཨུ་ཡོན་འདེམས་པའི་འདེམས་ཤོག་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10