ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2018-03-16
ཝང་ཡང་། སྐྱེས་པ། རྒྱ་རིགས། སྤྱི་ལོ་༡༩༥༥ལོའི་ཟླ་བ་༣འཁྲུངས། ཨན་ཧུའེ་སུ་ཀྲའུ་ཡི་མི་ཡིན། སྤྱི་ལོ་༡༩༧༢ལོའི་ཟླ་༦པར་ལས་ཀར་ཞུགས། སྤྱི་ལོ་༡༩༧༥ལོའི་ཟླ་༨པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གྲྭ་ཆེན་མོའི་ཡོན་ཚད་དང་། བཟོ་རྩལ་རིག་པའི་རབ་འབྱམས་པའི་སློབ་གནས་ཡོད། ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི་བཅས་ཡིན་པ་རེད།
སྤྱི་ལོ་༡༩༧༢ལོ་ནས་༡༩༧༦ལོ་བར། ཨན་ཧུའེ་ཞིང་ཆེན་སུའུ་རྫོང་གི་ས་ཁུལ་བཟའ་རིགས་བཟོ་གྲྭའི་བཟོ་པ་དང་། འཁོར་ཁང་གི་འགན་ཁུར་གནང་། སྤྱི་ལོ་༡༩༧༦ལོ་ནས་༡༩༧༩ལོ་བར། ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་ཁུལ་གྱི་ལྔ་བདུན་ལས་བྱེད་སློབ་གྲྭའི་དགེ་རྒན་དང་། སློབ་དཔྱོད་ཁང་གི་ཀྲུའུ་རིན་གཞོན་པ། སློབ་གྲྭའི་ཏང་ཨུད་ཀྱི་ཨུ་ཡོན་གནང་།
སྤྱི་ལོ་༡༩༧༩ལོ་ནས་༡༩༨༠ལོ་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་རིག་པའི་གཞུང་ལུགས་དྲིལ་བསྒྲགས་ལས་བྱེད་འཛིན་གྲྭའི་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་ལ་སློབ་སྦྱོང་གནང་།
སྤྱི་ལོ་༡༩༨༠ལོ་ནས་༡༩༨༡ལོ་བར། ཨན་ཧུའེ་ཞིང་ཆེན་སུའུ་རྫོང་གི་ས་གནས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭའི་དགེ་རྒན་གནང་།
སྤྱི་ལོ་༡༩༨༡ལོ་ནས་༡༩༨༢ལོ་བར། གུང་གཞོན་སྡེ་ཚོགས་ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་གནས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
སྤྱི་ལོ་༡༩༨༢ལོ་ནས་༡༩༨༣ལོ་བར། གུང་གཞོན་སྡེ་ཚོགས་ཨན་ཧུའེ་ཞིང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གནང་།
སྤྱི་ལོ་༡༩༨༣ལོ་ནས་༡༩༨༤ལོ་བར། གུང་གཞོན་སྡེ་ཚོགས་ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
སྤྱི་ལོ་༡༩༨༤ལོ་ནས་༡༩༨༧ལོ་བར། ཨན་ཧུའེ་ཞིང་ཆེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ་གནང་།
སྤྱི་ལོ་༡༩༨༧ལོ་ནས་༡༩༨༨ལོ་བར། ཨན་ཧུའེ་ཞིང་ཆེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། ཏང་ཙུའུ་ཡི་ཧྲུའུ་ཅི་གནང་།
སྤྱི་ལོ་༡༩༨༨ལོ་ནས་༡༩༩༢ལོ་བར། ཨན་ཧུའེ་ཞིང་ཆེན་དུང་ལིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་སྤྱིའི་ལས་ཚབ་དང་། གྲོང་སྤྱི་བཅས་གནང་། དེའི་རིང་སྤྱི་ལོ་༡༩༨༩ལོ་ནས་༡༩༩༢ལོ་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་གི་དངོས་གཞིའི་འཛིན་གྲྭའི་ཏང་སྲིད་དོ་དམ་ཆེད་ལས་སུ་ལས་ཐོག་སློབ་སྦྱོང་གནང་།
སྤྱི་ལོ་༡༩༩༢ལོ་ནས་༡༩༩༣ལོ་བར། ཨན་ཧུའེ་ཞིང་ཆེན་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། ཏང་ཙུའི་ཧྲུའུ་ཅི། ཞིང་ཆེན་འགོ་འཛིན་གྱི་ལས་རོགས་བཅས་གནང་།
སྤྱི་ལོ་༡༩༩༣ལོ་ནས་༡༩༩༣ལོའི་བར། ཨན་ཧུའེ་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་གནང་།
སྤྱི་ལོ་༡༩༩༣ལོ་ནས་༡༩༩༨ལོ་བར། ཨན་ཧུའེ་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། གྲོང་སྤྱི་གཞོན་པ་གནང་། དེའི་རིང་། སྤྱི་ལོ་༡༩༩༣ལོ་ནས་༡༩༩༥ལོ་བར། ཀྲུང་གོ་ཚན་རྩལ་སློབ་གྲྭ་ཆེན་མོའི་དོ་དམ་ཚན་རིག་ཚན་ཁག་གི་དོ་དམ་ཚན་རིག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ལས་ཐོག་སློབ་སྦྱོང་གནང་བ་མ་ཟད། བཟོ་ལས་རིག་པའི་རབ་འབྱམས་པའི་སློབ་ནས་ཐོབ། སྤྱི་ལོ་༡༩༩༧ལོའི་ཟླ་༣ནས་༡༩༩༧ལོའི་ཟླ་༥པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།
སྤྱི་ལོ་༡༩༩༨ལོ་ནས་༡༩༩༩ལོ་བར། ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་གྱི་འགོ་འཛིན་གཞོན་པ་གནང་།
སྤྱི་ལོ་༡༩༩༩ལོ་ནས་༢༠༠༣ལོ་བར། རྒྱལ་ཁབ་གོང་འཕེལ་དང་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི་གནང་། དེའི་རིང་། སྤྱི་ལོ་༢༠༠༡ལོའི་ཟླ་བ་༩ནས་༢༠༠༡ཟླ་བ་༡༡བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།
སྤྱི་ལོ་༢༠༠༣ལོ་ནས་༢༠༠༥ལོ་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུང་ཡིག་གཞོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་རྒྱུན་ལས་ ལས་དོན་གྱི་འགན་ཁུར། པུའུ་ཀྲང་རིམ་པ་རྒན་པ། ལས་ཁུངས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་གནང་།
སྤྱི་ལོ་༢༠༠༥ལོ་ནས་༢༠༠༦ལོ་བར། གྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
སྤྱི་ལོ་༢༠༠༦ལོ་ནས་༢༠༠༧ལོ་བར། གྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གནང་།
སྤྱི་ལོ་༢༠༠༧ལོ་ནས་༢༠༠༧ལོ་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། གྲུང་ཆིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གནང་།
སྤྱི་ལོ་༢༠༠༧ལོ་ནས་༢༠༡༢ལོ་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གནང་།
སྤྱི་ལོ་༢༠༡༢ལོ་ནས་༢༠༡༣ལོ་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གནང་།
སྤྱི་ལོ་༢༠༡༣ལོ་ནས་༢༠༡༧ལོ་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི།
སྤྱི་ལོ་༢༠༡༧ལོ་ནས་༢༠༡༨ལོ་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི།
སྤྱི་ལོ་༢༠༡༨ལོ་ནས་ད་ལྟའི་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི།
ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10