སྙན་སྒྲོན་ནང་གི་དམངས་འཚོའི་བཀྲག་མདངས་འཚེར་ས་ཆེན་པོ་བཅུ།

    མི་དམངས་དྲ་བ།    2018-03-07

     ★བཀྲག་མདངས་འཚེར་ས་དང་པོ།

     དབུལ་སྐྱོར། འདི་ལོ་སླར་ཡང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་རྒྱུ།

     སྙན་སྒྲོན་ནང་གནད་སྨིན་དབུལ་སྒྲོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འདི་ལོ་སླར་ཡང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་རྒྱུ་དང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་མི་ཁྲི་280བྱ་རྒྱུ་ཡིན་པ་བཏོན་ཡོད།

     ★བཀྲག་མདངས་འཚེར་ས་གཉིས་པ།

     ལས་ཞུགས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱ་རྒྱུ་དེ་ཞིང་པ་ལས་མི་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ལ་ཁྱབ་པ་བྱ་རྒྱུ།

     སྙན་སྒྲོན་ནང་2018ལོར་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་གསར་སྣོན་མི་ཁྲི་1100ཡན་བྱ་རྒྱུ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་ཞིང་པ་ལས་མི་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ལ་ཁྱབ་པ་བྱ་རྒྱུ་ཡིན་པ་བཏོན་ཡོད།

     ★བཀྲག་མདངས་འཚེར་ས་གསུམ་པ།

     རྒན་གསོ། ཁེ་ལས་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐེབས་རྩ་ཀྲུང་དབྱང་གིས་སྙོམས་སྒྲིག་བྱེད་པའི་ལམ་ལུགས་འཛུགས་རྒྱུ།

     སྙན་སྒྲོན་ནང་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐེབས་རྩ་ཀྲུང་དབྱང་གིས་སྙོམས་སྒྲིག་བྱེད་པའི་ལམ་ལུགས་འཛུགས་རྒྱུ་དང་རྒན་ཡོལ་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་མུ་མཐུད་མཐོ་རུ་གཏོང་རྒྱུ་ཡིན་པ་བཏོན་ཡོད།

     ★བཀྲག་མདངས་འཚེར་ས་བཞི་པ།

     སྨན་བཅོས། གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་སླར་ཡང་སྒོར་40སྤོར་རྒྱུ་ཡིན་པ།

     གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་གྱི་འགན་ལེན་ཆུ་ཚད་མཐོ་རུ་བཏང་ནས་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་སླར་ཡང་སྒོར་40སྤོར་རྒྱུ་ཡིན་པ་རེད། འདས་ཟིན་པའི་ལོ་ལྔའི་རིང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་སྒོར་240ནས་སྒོར་450བར་སྤར་ཡོད་པ་རེད།

     ★བཀྲག་མདངས་འཚེར་ས་ལྔ་པ།

     སློབ་གསོ། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ཕྱིའི་ཁུར་པོ་ལྕི་བའི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་བྱིས་པ་བཅོལ་བའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ།

     སྙན་སྒྲོན་ནང་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ཕྱིའི་ཁུར་པོ་ལྕི་བའི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཐབས་ལམ་སྣ་མང་སྤྱད་ནས་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ་དང་དྲ་སྦྲེལ་སོགས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་ནས་བྱིས་པ་བཅོལ་བའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་བཏོན་ཡོད།

     ★བཀྲག་མདངས་འཚེར་ས་དྲུག་པ།

     སྡོད་ཁང་། བྱེད་པོ་སྣ་མང་གི་མཁོ་སྤྲོད་དང་། ཐབས་ལམ་སྣ་མང་གི་འགན་ལེན། བོགས་གཏོང་ཉོ་སྒྲུབ་མཉམ་བཟུང་ལམ་ལུགས་བཅས་མགྱོགས་མྱུར་འཛུགས་རྒྱུ།

      སྙན་སྒྲོན་ནང་ལོ་གསུམ་གྱི་སྡོད་ཁང་སྐྱོ་ཁུལ་རྒྱས་སྐྲུན་འགག་སྒྲོལ་འཆར་གཞི་གསར་པ་ལག་བསྟར་བྱས་ནས་འདི་ལོ་སྡོད་ཁང་ཆ་ཚང་ཁྲི་580བསྐྲུན་རྒྱུ་དང་། སྤྱི་པའི་བོགས་གཏོང་ཁང་པ་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ། བྱེད་པོ་སྣ་མང་གི་མཁོ་སྤྲོད་དང་། ཐབས་ལམ་སྣ་མང་གི་འགན་ལེན། བོགས་གཏོང་ཉོ་སྒྲུབ་མཉམ་བཟུང་བཅས་ཀྱི་སྡོད་ཁང་ལམ་ལུགས་མགྱོགས་མྱུར་བཙུགས་པ་བཅས་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྔ་ཙམ་བདེ་སྡོད་ཁང་པ་ཡོད་པ་བྱ་རྒྱུ་ཡིན་པ་བཏོན་ཡོད།

      ★བཀྲག་མདངས་འཚེར་ས་བདུན་པ།

      ཁོར་ཡུག་སྲུང་སྐྱོང་། གཙོ་གནས་ས་ཁུལ་གྱི་PM2.5གར་ཚད་མུ་མཐུད་ཆག་པ་བྱ་རྒྱུ།

      སྙན་སྒྲོན་ནང་ནམ་མཁའ་སྔོན་པོ་སྲུང་བའི་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དང་འདི་ལོ་དབྱང་གཉིས་ཟི་འགྱུར་རྫས་དང་དབྱང་མང་འགྱུར་རྫས་འབུད་ཚད་3%ཆག་པ་བྱ་རྒྱུ་དང་གཙོ་གནད་ས་ཁུལ་གྱི་སྨུག་རྡུལ་(PM2.5)གར་ཚད་མུ་མཐུད་ཆག་པར་བྱེད་དགོས་པ་བཏོན་ཡོད།

      ★བཀྲག་མདངས་འཚེར་ས་བརྒྱད་པ།

      སྒེར་ཁྲལ། སྒེར་ཁྲལ་བསྡུ་ཚད་མཐོ་རུ་གཏོང་རྒྱུ།

      སྙན་སྒྲོན་ནང་མི་སྒེར་གྱི་ཐོབ་ཁྲལ་བསྡུ་འགོ་འཛུགས་ས་མཐོ་རུ་གཏོང་རྒྱུ་དང་བུ་ཕྲུག་གི་སློབ་གསོ་དང་ནད་ཆེན་སྨན་བཅོས་སོགས་ཆེད་སྤྱོད་གྲོན་དངུལ་འཐེན་ཚད་མང་དུ་བཏང་ནས་ལུགས་མཐུན་ངང་ཁུར་པོ་ཡང་དུ་གཏོང་རྒྱུ་ཡིན་པ་བཏོན་ཡོད།

      ★བཀྲག་མདངས་འཚེར་ས་དགུ་པ།

      གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། ཚལ་ཁྲོམ་དང་རླངས་འཁོར་འཇོག་ས། གློག་སྐས། འཁྱིལ་ཆུ་གཤོང་བའི་མདོང་ལམ་སོགས་ཀྱི་སྒྲིག་བཀོད་བསྐྲུན་རྒྱུ།

      སྙན་སྒྲོན་ནང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། འདི་ལོ་སླར་ཡང་གྲོང་ཁྱེར་དུ་གཞིས་ཆགས་བྱེད་མཁན་མི་གྲངས་ཁྲི་1300ཟིན་རྒྱུ་དང་གྲོང་གསེབ་ཀྱི་གནས་སྤོས་མི་འབོར་གྲོང་མིར་སྒྱུར་ཚད་མགྱོགས་སུ་གཏོང་རྒྱུ། སྤྱི་པའི་འགྲིམ་འགྲུལ་སྔོན་ལ་འཕེལ་རྒྱས་བཏང་ནས་ཚལ་ཁྲོམ་དང་རླངས་འཁོར་འཇོག་ས་སོགས་དམངས་ཕན་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ། གོ་རིམ་ལྡན་པའི་ངང“གྲོང་དབུས་གྲོང་ཚོ”དང་ཁུལ་ཆུང་རྙིང་པའི་རྒྱས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ལེ་ལག་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ཆ་རྐྱེན་འཛོམས་སར་གློག་སྐས་འཛུགས་རྒྱུར་བསྔགས་སྐུལ་བྱ་རྒྱུ། འཁྱིལ་ཆུ་གཤོང་བའི་མདོང་ལམ་དང་ས་འོག་ཕྱོགས་བསྡུས་མདོང་ལམ་སོགས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ་བཅས་བཏོན་ཡོད།

      ★བཀྲག་མདངས་འཚེར་ས་བཅུ་པ།

      འཛད་སྤྱོད། དྲ་གྲོན། ཟམ་སྒྲོལ་དངུལ། མཛེས་ལྗོངས་ཀྱི་སྤ་སེའི་རིན་གོང་སོགས་གཅོག་རྒྱུ་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་སླར་ཡང་ལོ་གསུམ་ནར་འགྱངས་བྱ་རྒྱུ།

      སྙན་སྒྲོན་ནང་ཁྱིམ་ཚང་གི་དྲ་ཆེན་དང་ཁེ་ལས་ཀྱི་དྲ་ཆེན། ཆེད་སྐུད་ཀྱི་གྲོན་དངུལ་བཅས་མངོན་གསལ་དོད་པོས་གཅོག་རྒྱུ་དང་རྒྱུན་འབོར“རྒྱང་སྒྲོལ་གྲོན་དངུལ”མེད་པར་བཟོ་རྒྱུ་དང་། སྒུལ་བདེའི་དྲ་བའི་རྒྱུག་ཚད་གྲོན་དངུལ་ལོའི་ནང་ཉུང་མཐར་ཡང་30%གཅོག་རྒྱུ་དང་། གཞུང་ལམ་གྱི་གྲོན་དངུལ་བསྡུ་བའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལམ་དང་ཟམ་པ་སྒྲོལ་བའི་གྲོན་དངུལ་གཅོག་རྒྱུ། གཙོ་གནད་གཞུང་ཁོངས་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་གཅོག་རྒྱུ། ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་སླར་ཡང་ལོ་གསུམ་ནར་འགྱངས་བྱེད་རྒྱུ་དང་ཕྱོགས་ཡོངས་ནས་ལག་བརྒྱུད་རླངས་འཁོར་ས་ཆ་གཞན་ནས་ས་གནས་དེ་རང་དུ་བསྒྱུར་རྒྱུའི་ཚད་བཀག་སྲིད་ཇུས་མེད་པར་བཟོ་རྒྱུ་བཅས་བཏོན་ཡོད།


  • ལེ་ཚན་སྔོན་མ།:སྲིད་གཞུང་གི་ལས་དོན་སྙན་སྒྲོན། (གནད་བསྡུས)
  • ལེ་ཚན་རྗེས་མ།:ཝང་དབྱང་གིས་གྲངས་ཉུང་མི་རིགས་ལས་རིགས་ཀྱི་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་མཛད།
  • དོ་སྣང་ཆེ་བའི་རྩོམ།