རྒྱལ་ཡོངས་ཀྱི་འགྲོ་རྩལ་འགྲན་བསྡུར་ཆེན་མོའི་ཁྲོད་ཆོས་དབྱིངས་སྐྱིད་ལ་ཨང་དང་པོའི་བྱ་དགའ་ཐོབ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2018-03-06

རྒྱལ་ཡོངས་ཀྱི་འགྲོ་རྩལ་འགྲན་བསྡུར་ཆེན་མོའི་ཁྲོད་ཆོས་དབྱིངས་སྐྱིད་ལ་ཨང་དང་པོའི་བྱ་དགའ་ཐོབ།

ཤིན་ཧྭ་གསར་འགྱུར་ཁང་ལ་པེ་ཅིང་ནས་ཟླ3པའི་ཚེས3ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2018ལོའི་རྒྱལ་ཡོངས་ཀྱི་འགྲོ་རྩལ་བྱ་དགའ་ཆེན་མོའི་འགྲན་བསྡུར་དང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་གི་འགྲོ་རྩལ་ཐུན་མོང་གཟེངས་རྟགས་འགྲན་བསྡུར་གྱི་དཔྱད་འདེམས་འགྲན་བསྡུར་ཚེས3ཉིན་ཨན་ཧུའེ་ཧོང་ཧྲན་དུ་འགོ་ཚུགས་པ་དང་། ལུས་རྩལ་པ་གྲགས་ཅན་ཆོས་དབྱིངས་སྐྱིད་ནི་མཇུག་རྫོགས་སར་མ་སླེབས་གོང་ཞིན་ཁོའུ་འཛམ་གླིང་གཟེངས་རྟགས་འགྲན་སྡུར་གྱི་ཨང་དང་པོ་ཐོབ་མཁན་ལུས་རྩལ་པ་དབྱང་ཅ་ཡུས་ལས་རྣམ་པར་རྒྱལ་ཏེ་སྐྱེས་མའི་སྤྱི་ལེ20ཡི་ཨང་དང་པོ་ཐོབ་པ་རེད།

སྐྱེས་མའི་སྤྱི་ལེ20ཡི་འགྲན་བསྡུར་ཁྲོད་ཞིན་ཁོའུ་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གཉིས་ལ་ཨང་དང་པོ་ཐོབ་མཁན་དབྱང་ཅ་ཡུས་དང་། ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་མཁན་ཆོས་དབྱིངས་སྐྱིད།  པེ་ཅིང་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་བྱ་དགའ་ཨང་གཉིས་པ་ཐོབ་མཁན་ལུའི་ཞིའུ་ཀྲི་བཅས་ལུས་རྩལ་པ་གྲགས་ཅན་མང་པོ་འདུས་ཡོད་ལ། འགྲན་རྩོད་དྲག་པོ་ནི་མཇུག་རྫོགས་སར་མ་སླེབས་གོང་དུ་རྒྱུན་མཐུད་ཡོད་ལ། འགྲན་བསྡུར་གྱི་མཐའ་མའི་སྨི་བཅུའི་མཚམས་སུ་ཆོས་དབྱིངས་སྐྱིད་ད་དུང་བཅིངས་འགྲོལ་དམག་རུ་ཁག་གི་དབྱང་ཅ་ཡུས་ཀྱི་རྗེས་སུ་ལུས་ཡོད་མོད། དེའི་རྗེས་སུ་ཆོས་དབྱིངས་སྐྱིད་ཀྱིས་གོམ་སྟབས་ཇེ་མགྱོགས་སུ་བཏང་པས་ཁོ་གཉིས་ཕལ་ཆེར་ནི་མཉམ་གཤིབ་མཉམ་སྐྱོད་ངང་མཐའ་མའི་གནས་སུ་སླེབས་པ་རེད།
མཐར་ཁོ་མོ་གཉིས་ཀྱི་གྲུབ་འབྲས་ནི་ཆུ་ཚོད1དང་སྐར་མ27སྐར་ཆ36ཡིན་ལ། ཤན་འབྱེད་པའི་མཐའ་གནས་ཀྱི་བརྙན་རིས་ལ་བལྟས་རྗེས་ཆོས་དབྱངས་སྐྱིད་སྔོན་ལ་ས་རྟགས་ལས་བརྒལ་བར་ཐག་བཅད་ནས་ཨང་དང་པོ་བླངས་ཤིང་། ཡུན་ནན་རུ་ཁག་གི་ཝང་ཡེང་ལིག་ནི་ཆུ་ཚོད1སྐར་མ28སྐར་ཆ37གྲུབ་འབྲས་ཀྱིས་ཨང་གསུམ་པ་ཐོབ། གཙོ་སྒྲུབ་ས་གནས་ཀྱི་འགྲན་ཞུགས་པ་ལུའི་ཞིའུ་ཀྲི་ལ་ཨང་བདུན་པ་ཐོབ་ཡོད་པ་རེད།
ཉིན་དེར་སྤེལ་བཞིན་པའི་སྐྱེས་པའི་སྤྱི་ལེ20ཡི་འགྲན་བསྡུར་ཁྲོད། ཀོང་ཏུང་གི་ལུས་རྩལ་པ་གྲགས་ཅན་ཝང་ཁའེ་ཧྭ་ནི་ཆུ་ཚོད1དང་སྐར་མ19སྐར་ཆ45ཡི་གྲུབ་འབྲས་ཀྱིས་ཨང་དང་པོ་ཐོབ་པ་དང་། ཧྲན་ཏུང་རུ་ཁག་གི་ཀའོ་ཡེང་ཁྲའོ་ནི་སྐར་ཆ46གིས་རྗེས་སུ་ལུས་ནས་ཨང་གཉིས་པ་ཐོབ་པ། ལི་ཡའོ་ཨོ་རྩལ་འགྲན་ཚོགས་སྟེང་དངུལ་གྱི་རྟགས་མ་ཐོབ་མཁན་ ཚའེ་ཙེ་ལིན་ལ་ཨང་གསུམ་པ་ཐོབ་ཅིང་དང་གྲུབ་འབྲས་ནི་ཆུ་ཚོད1དང་སྐར་མ20སྐར་ཆ38རེད།།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་དུ་འཚོགས།
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་གིས་མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མིའི་ལས་དོན་སྐོར་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།