མི་དམངས་དྲ་བ། 2018-03-05
མི་དམངས་དྲ་བའི་འཕྲིན། ཟླ་བ་གཉིས་པའི་ཟླ་འགོར། ཀན་སུའུ་ཝུའུ་ཝེ་གྲོང་ཁྱེར་གྱི་རྟེན་རྫས་བཤམས་མཛོད་ཁང་གིས་རྟེན་རྫས་ཁང་དེར་ཉར་ཚགས་བྱས་པའི་ ལོ་མའི་བཀའ་བསྟན་འགྱུར་ཁྲི་བཅུ་ལྷག་ལེགས་སྒྲིག་གཞི་རྒྱ་ཆེན་པོ་བྱེད་འགོ་བརྩམས་པ་རེད། ཝུའུ་ཝེ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དུ་ད་ལྟ་ཉར་ཚགས་བྱས་པའི་བཀའ་བསྟན་འགྱུར་98%ནི་བྲིས་མ་ཡིན་པ་དང་། ཡོན་རྒྱལ་རབས་དང་མིང་རྒྱལ་རབས་གཉིས་ཀྱི་སྐབས་སུ་བྲིས་པ་རེད། བཀའ་བསྟན་འགྱུར་བྲིས་མའི་ལོ་རབས་ཧ་ཅང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ་ཡོད་ཅིང་། རྒྱུ་ཆ་བེད་སྤྱོད་ལ་དང་དོད་ཆེན་པོ་བྱས་པས་། ལོ་རྒྱུས་དང་ཚད་ལྡན་ཡིག་ཆར་ཞིབ་འཇུག་བྱེད་རྒྱུའི་རིན་ཐང་གལ་ཆེན་ལྡན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10