སློབ་གསོ་པུའུ་ཡི་པུའུ་ཀྲང་ཁྲེན་པའོ་ཧྲེན་གྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས"ཕྱི་ དྲོའི་ཆུ་ཚོད་3དང་ཕྱེད་ཀར་སློབ་གྲྭ་གྲོལ་རྒྱུའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན" ཞེས་གསུངས་པ།

    མི་དམངས་དྲ་བ།    2018-03-05

༄༅།།སློབ་གསོ་པུའུ་ཡི་པུའུ་ཀྲང་ཁྲེན་པའོ་ཧྲེན་གྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས'ཕྱི་
དྲོའི་ཆུ་ཚོད་3དང་ཕྱེད་ཀར་སློབ་གྲྭ་གྲོལ་རྒྱུའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན'
ཞེས་གསུངས་པ།

     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་3ཉིན། ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀར་སློབ་གྲྭ་གྲོལ་བས། བུ་ཕྲུག་སྐྱེལ་བསུ་ཇི་ལྟར་བྱེད་རྒྱུ་ནི་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་སའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད། སློབ་གསོ་པུའུ་ཡི་པུའུ་ཀྲང་ཁྲེན་པའོ་ཧྲེན་ཚེས་3ཉིན་མི་དམངས་ཚོགས་ཁང་ཆེན་མོའི"པུའུ་ཀྲང་བགྲོད་ལམ"དུ་བརྒྱུད་སྐབས་སློབ་གསོ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་གྲོས་མོལ་བྱས་ཏེ་འདི་དང་འབྲེལ་བའི་སྲིད་ཇུས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕྱི་དྲོའི་ཆུ་ཚོད་3དང་ཕྱེད་ཀར་སློབ་གྲྭ་གྲོལ་བའི་གནད་དོན་ཐག་གཅོད་བྱ་ཐབས་འཚོལ་ཞིབ་བྱེད་རྒྱུ་ཡིན་པ་མ་ཟད། སློབ་གྲྭ་ཕྱིའི་དོ་དམ་དུ་བཅོལ་བའི་འཛིན་གྲྭའི་ཟང་ཟིང་ཆེ་བའི་གནད་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།
     ཁྲེན་པའོ་ཧྲེན་གྱིས་ས་གནས་འགའ་ཤས་ཀྱིས་ས་གནས་དེ་གའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་ཇུས་གཏན་འབེབས་བྱས་པ་དཔེར་ན། ས་གནས་འགའ་ཤས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་ཕྱིའི་ཞབས་ཞུས་ཡོངས་སུ་ཁེབས་པར་བྱེད་རྒྱུ་དང་། “བབ་བསྟུན་གྱིས་སློབ་གྲྭ་གྲོལ་རྒྱུ”ཚོད་ལྟ་བྱེད་རྒྱུ་སོགས་གཏན་འབེབས་བྱས་པ་རེད། རྗེས་མར་སློབ་གསོ་པུའུ་ཡིས་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ཕྱོགས་བསྡུས་བྱེད་རྒྱུ་མ་ཟད། གནད་དོན་ལ་རྗེས་སྙེག་དམ་པོའང་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། 


  • ལེ་ཚན་སྔོན་མ།:གོ་ལ་ཧྲིལ་པོའི་ས་བོན་མཛོད་ཁང་དུ་ལོ10ཉར་ཚགས་བྱས་པའི་མ་དཔེ་ཁྲི100ལས་བརྒལ།
  • ལེ་ཚན་རྗེས་མ།:འགོ་འཛུགས་ས་གསར་པ་ནས་རྣམ་པ་གསར་པ་གཏོད་པ།
  • དོ་སྣང་ཆེ་བའི་རྩོམ།