སྤྱི་ལོ་༢༠༡༨ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2018-03-01

     ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་༢༠༡༨ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་སྤྱི་ཚེས་༢༧ཉིན་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་ཡོད་པ་རེད།

     རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་གྲབས་ཡོད་པའི་སྐབས་འདིར། པེ་ཅིན་ཧྥུ་ཤིན་ལམ་མེ་ཏེ་ཡ་ལྟེ་གནས་སུ་ཡོད་པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་སྤྱི་ཚེས་༢༧ཉིན་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་ཡོད་པ་རེད། མེ་ཏེ་ཡ་ལྟེ་གནས་ཀྱི་ཐོག་ས་གཉིས་པར་ཁག་སོ་སོར་གསར་འགྱུར་ཁྱབ་སྤེལ་ཚོམས་ཆེན་དང་། བཅར་འདྲི་སྣེ་ལེན་ཁང་། ཕྱི་རྒྱལ་གྱི་གསར་འགོད་པའི་ཚོགས་ཆུང་། ཀང་ཨའོ་ཐའེ་གསུམ་གྱི་གསར་འགོད་པའི་ཚོགས་ཆུང་། རྒྱལ་ནང་གི་གསར་འགོད་པའི་ཚོགས་ཆུང་སོགས་བཙུགས་ཡོད་པ་རེད།

    སྤྱི་ཁྲེ་གྲུ་བཞི་མ་༧༠༠ལྷག་ཙམ་གྱི་གསར་འགྱུར་ཚོམས་ཆེན་ནང་མི་གྲངས་བརྒྱ་ཕྲག་ཁ་ཤས་ཞུགས་ཆོག་གི་ཡོད་པ་དང་། སྔར་སྲོལ་ལྟར་ཕྱི་འབྲེལ་པུའུ་ཀྲང་གི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སོགས་ཆེད་དོན་ཁྱབ་སྤེལ་ཚོགས་འདུ་འཚོགས་རྒྱུ་ཡིན་པ་རེད། ཐོག་ས་དང་པོར་འཕྲིན་གཏོང་དྲ་བའི་ཞབས་ཞུ་ཁང་བཙུགས་ཡོད་ཅིང་། ལན་ཐོང་ཀུང་སིའི་ལས་དོན་མི་སྣས། གསར་འགོད་པར་ཞབས་འདེགས་ཞུ་བའི་སྐུད་མེད་wifiའཕྲིན་བརྡ་སྨྱན་སྦྱོར་འཕྲིན་གཏོང་ཞབས་ཞུའི་ཁུལ་དང་གསར་འགྱུར་ཁྱབ་སྤེལ་ཚོམས་ཆེན་ཡོངས་སུ་ཁེབས་ཡོད་པ་དང་། དུས་མཚུངས་སུ་དྲ་བ་ཡོངས་དང་ལེན་བྱེད་ཐུབ་ཅིང་། ཡི་ཏུང་དང་། ལན་ཐོང་། ཏན་ཞིན་བཅས་ཀྱི་ཀྲུང་གོའི་ལག་ཁྱེར་ཁ་པར་ཚང་མས་ང་ཚོའི་དྲ་བ་བེད་སྤྱོད་གཏོང་ཆོག་གི་ཡོད་ཅེས་ངོ་སྤྲོད་གནང་འདུག ལས་ཡུལ་དངོས་སུ། ལས་དོན་མི་སྣ་ཁག་གཅིག་གིས་འབྲེལ་ཡོད་སྒྲིག་ཆས་དང་ཞབས་ཞུའི་སྒྲིག་ཆས་ཞིབ་བཤེར་དང་། སྙོམ་སྒྲིག་ཚོད་ལྟ་བྱེད་བཞིན་ཡོད་པ་རེད། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་ཁྱབ་སྤེལ་ཚོགས་འདུ་ཁག་མང་པོ་ཐད་གཏོང་བྱ་རྒྱུ་ཡིན་པ་རེད། ལས་དོན་མི་སྣ་ལུའེ་ཀྲའོ་མེང་གིས། ད་ལོ་སྒྲ་ཟློས་གྲངས་གཞིའི་རྣམ་པ་སྒྱུར་རྒྱུའི་ཐད་། གྲངས་གཞི་དཔེ་སྒྲུག་བྱེད་རྒྱུ་གནད་ལ་འཁེལ་ཚད་ཆེ་རུ་བཏང་ཡོད་པ་མ་ཟད། ད་དུང་གྲངས་ཀ་བརྗེ་སྒྱུར་གྱི་གཏིང་ཚད་ཟབ་ཏུ་བཏང་ཡོད་པས། སྒྲ་ཟློས་དེ་རླུང་འཕྲིན་གསན་པ་པོས་གསན་སྐབས་ཇི་མ་ཇི་བཞིན་གྱི་སྣང་ཚུལ་དེ་བས་གསལ་པོ་ཞིག་ཡོང་བ་དང་། དངོས་སྐྱོད་ཀྱི་སྣང་ཚུལ་ཞིག་འབྱིན་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་གནང་འདུག


  • ལེ་ཚན་སྔོན་མ།:ལོ་ལྔའི་རིང་གི་ཞི་ཅིན་ཕིང་གི་གསུང་ཚིག་འགའ།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་རིག་དངོས་འགྲེམས་སྟོན་སྤེལ་ནས་དཔྱིད་གསར་དུས་ཆེན་བསུས་པ།
  • དོ་སྣང་ཆེ་བའི་རྩོམ།