སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་ཚོགས་འགོ་ཚུགས།

        2018-01-26

སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་ཚོགས་འགོ་ཚུགས།

གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། སྤྱི་ཟླ་དང་པོའི་ཚེས་24ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་ཚོགས་འགོ་ཚུགས།  ཚོགས་འདུའི་སྐབས་སུ།  སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་800ལྷག་གིས་གཏིང་ཟབ་པའི་སྒོ་ནས་གྲོས་མོལ་སྲིད་གླེང་དང་།  ནན་གྱིས་འགན་ནུས་ལག་བསྟར་བྱས་ཏེ།  མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་ཞིག་འཛུགས་སྐྲུན་བྱེད་པ་ལ་བློ་གྲོས་ཀྱི་སྟོབས་ཤུགས་དབུལ་རྒྱུ་རེད། 
སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ཚོགས་ཆེན་འགོ་ཚུགས་པའི་ལས་འཛིན་ཀྲུའུ་ཞི་ཁོ་ཙུན་ཕིང་དང་ཚུའེ་པའོ་ཧྭ།  ཀྲུང་མེན།  ཀྲང་ཡུས་ཏུང་།  ཝང་ཀྲེང་རུང་།  ཀྲའོ་ཀྲེན་ཞན།  ཁྲེན་ཧྥང་།  ལིན་ཧྲུའུ་ཁྲེང་།  ཨོའུ་དབྱང་ཙེ་ཧྭ།  ཀྲུའུ་ཁྲུན་ཞིའུ།  ཝང་ཅན་ཅུན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
ཝང་ཏུང་མིང་དང་དབྱི་ལི།  ཏེང་ཞའོ་ཀང་།  ཧྲུའུ་ཆིང་ཡིའུ་སོགས་སི་ཁྲོན་ཞིང་ཆེན་དང་ནུབ་རྒྱུད་འཐབ་ཁུལ།  སྐབས་བཅུ་གཅིག་པའི་སྲིད་གྲོས་འགོ་ཁྲིད་རྣམས་ཀྲུའུ་ཞི་སྟེགས་བུར་བཞུགས་པ་དང་།  ཚོགས་ཆེན་འགོ་བཙུགས་པ་ལ་རྟེན་འབྲེལ་ཞུས།
ཐེངས་འདིའི་ཚོགས་ཆེན་ལ་ཞུགས་དགོས་པའི་ཨུ་ཡོན་865ཡོད་པ་དང་།  དངོས་སུ་ཞུགས་མཁན་834ཡོད་པས་སྲིད་གྲོས་ཀྱི་སྒྲིག་ཡིག་གཏན་འབེབས་དང་མཐུན།

སྔ་དྲོའི་ཆུ་ཚོད་10ཐོག  ཚོགས་ཆེན་གྱི་གཙོ་སྐྱོང་བ་ཁོ་ཙུན་ཕིང་གིས་ཚོགས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་གནང་ཞིང་།  ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།        སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་མངག་སྐུལ་ལྟར། ཚུའེ་པའོ་ཧྭ་ཡིས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་ཕུལ། སྙན་ཞུ་ལས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལོ་ངོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁྲོད་ཀྱི་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ངོ་ལྔ་དང་བརྩོན་པ་ཆེར་བསྐྱེད་དང་དངོས་དོན་ལྷུར་ལེན་གྱི་ལོ་ངོ་ལྔའང་ཡིན་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བརྟན་བརླིང་གི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་བཅོས་བསྒྱུར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུས་མཐུན་སྒྲིལ་སྒོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མ་དམངས་རྣམས་ཀྱི་སྣེ་ཁྲིད་དེ་བཅོས་བསྒྱུར་གསར་གཏོད་དང་ཡར་རྒྱས་བརྩོན་ལེན་བྱས་ཏེ། གཏིང་ཟབ་པའི་སྒོ་ནས་“འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ”ལག་བསྟར་དང་“མཆོང་བསྐྱོད་གཉིས་”ལ་སྐུལ་འདེད་བཏང་སྟེ་སི་ཁྲོན་དར་རྒྱས་དང་བཅོས་སྐྱོང་གི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་འཕར་བ་རེད། ལོ་ངོ་ལྔའི་རིང་ལ། ཞིང་ཆེན་ཏང་ཨུས་འགོ་ཁྲིད་ལ་ཤུགས་སྣོན་བྱས་ཤིང་། ཏང་ཨུས་མཐོང་ཆེན་དང་སྲིད་གཞུང་གིས་རྒྱབ་སྐྱོར། སྲིད་གྲོས་ཀྱིས་རང་འགུལ། ཕྱོགས་སོ་སོ་ཟབ་ཞུགས་བྱེད་པའི་རྣམ་པ་ལེགས་པོ་ཞིག་གོམ་གང་མདུན་སྤོས་སྒོས་ཆགས་ཏེ་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་དོན་གྱི་འཕེལ་རྒྱས་གསར་པ་མངོན་འགྱུར་བྱུང་ཞེས་བསྟན།

སྙན་ཞུ་ལས་ཞིང་ཆེན་ཏང་ཨུའི་བརྟན་བརླིང་གི་འགོ་ཁྲིད་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་སྟོན་འོག་སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་དང་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པར་མ་ཟད། གཏིང་ཟབ་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་དགོངས་དོན་དང་། ཞིང་ཆེན་གྱི་ཐེངས་བཅུ་པ་དང་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ལ་དམ་པོར་དམིགས་ཤིང་། སྲིས་གྲོས་ཀྱི་ངོ་བོར་ཡང་དག་པར་ངོས་འཛིན་དང་། ཞིང་ཆེན་ཏང་ཨུའི་དཀྱིལ་སྙིང་ལས་ཀ་གནས་གང་དུ་སྐུལ་སྤེལ་བཏང་ན་སྲིད་གྲོས་ཀྱི་འོས་འགན་ཡང་གནས་དེར་སྐུལ་སྤེལ་བྱས་པ་དང་། སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲིན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པར་བྱས་རྗེས་བཞག་པ་ཡིན་ཞེས་བསྟན།
སྙན་ཞུ་ལས་འདས་ཟིན་པའི་ལོ་ངོ་ལྔའི་ཚུན་དུ་སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱིས་ནན་གྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་གྲོས་འདོན་བཅས་ཀྱི་བྱེད་ནུས་ཆེན་པོ་གསུམ་འདོན་སྤེལ་གང་ལེགས་བྱས་པར་ཕྱིར་རྟོག་བྱས། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་ཀྱི་འགོ་ཁྲིད་ལ་འགན་སྲུང་བྱས། སྲིད་གྲོས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ། དབུལ་སེལ་འགག་སྒྲོལ་དང་ཁྱོན་ཡོངས་ཀྱི་གསར་གཏོད་བཅོས་བསྒྱུར་ལ་སྐུལ་འདེད་བཏང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། མགྱོགས་མྱུར་སྒོས་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱས། དམངས་དོན་འགན་སྒྲུབ་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་བཏང་། འཐབ་ཕྱོགས་འགན་ནུས་ཤུགས་དྲག་ཏུ་བཏང་སྟེ། སི་ཁྲོན་དར་རྒྱས་བཅོས་སྐྱོང་གི་ལས་དོན་ཁག་ལ་སྟོབས་ཤུགས་གཅིག་སྡུད་བྱེད་པར་སྐུལ་འདེད་བཏང་། དམངས་གཙོའི་དགོངས་དོན་དར་སྤེལ་དུ་བཏང་སྟེ། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ནུས་ཆོད་གོང་འཕེལ་དུ་བཏང་། རང་ངོས་ཀྱི་འཛུགས་བསྐྲུན་ལ་ཤུགས་སྣོན་བྱས་ཏེ། རྒྱུན་ཆད་མེད་པར་སྲིད་གྲོས་ཀྱི་ལས་ཀ་ཚན་རིག་ཅན་གྱི་ཆུ་ཚད་དུ་ཕེབས་པར་མཐོར་འདེགས་སུ་བཏང་ཞེས་བསྟན། སྙན་ཞུ་ལས་ད་དུང་ལོ་ངོ་ལྔའི་ཚུན་ལ་སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱིས་རྒྱུན་འཛིན་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་གསར་གཏོད་ལ་གཞོལ་བའི་གོ་རིམ་ཁྲོད་ཐོབ་པའི་ཆེས་གལ་ཆེ་བའི་ཉམས་མྱོང་ནི་ངེས་པར་དུ་གཡོ་བ་མེད་པར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཞིང་ཆེན་ཏང་ཨུའི་དཀྱིལ་སྙིང་ལས་ཀ་གནས་གང་དུ་སྐུལ་སྤེལ་བཏང་ན་སྲིད་གྲོས་ཀྱི་འོས་འགན་ཡང་གནས་དེར་སྐུལ་སྤེལ་བྱེད་པ། མི་དམངས་བླ་ན་མཐོ་བའི་རིན་ཐང་འཚོལ་སྙེག་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས། མཉམ་འབྲེལ་རོགས་སྒྲུབ་ཀྱིས་ལས་ཀར་སྐུལ་འདེད་དང་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱེད་པ་བཅས་ཡིན་ཞེས་བསྟན།།

  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཚོགས་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།
  • དོ་སྣང་ཆེ་བའི་རྩོམ།