མཚོ་སྔོན་བོད་སྐད་རླུང་འཕྲིན། 2018-01-24
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བརྒྱ་དང་བརྒྱད་པ་ཚེས22ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནས་ཚོགས། གྲོས་ཚོགས་ལས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པ་ཟླ1པོའི་ཚེས29ཉིན་ནས་ཚེས30ཉིན་བར་དུ་པེ་ཅིན་ནས་འཚོགས་རྒྱུ་གཏན་འཁེལ་བྱས།
ཨུ་ཡོན་ཀྲང་གྲོས་ཚོགས་ལས་བསམ་འཆར་བཏོན་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པས་ཀྲུང་གུང་ཀྲུང་དབྱང་གི་རྩ་ཁྲིམས་ནང་དོན་ཁ་ཤས་ལ་བཟོ་བཅོས་རྒྱག་དགོས་པའི་སྐོར་གྱི་བསམ་འཆར་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱེད་རྒྱུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་བསྡུ་བའི་སྐོར་གྱི་ཆོད་དོན་འཆར་ཟིན་སྤྲོད་པའི་གྲོས་གཞིར་གྲོས་ཞིབ་བྱས་པར་མ་ཟད། བསྐོ་འཇོག་གྲོས་གཞིར་གྲོས་ཞིབ་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10