ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2018-01-11
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་རྩིས་བཤེར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ལོ་༥ཡི་རིང་། རྩིས་བཤེར་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། རྒྱལ་ཡོངས་སུ་ཁྱོན་བསྡོམས་ཚན་པ་དྲུག་འབུམ་ལྔ་ཁྲི་ལྷག་ཙམ་ལ་རྩིས་བཤེར་བྱས་པ་དང་། རིམ་ཁག་རྩིས་བཤེར་ལས་ཁུངས་ཀྱིས་སྒྲིག་འགལ་ཁྲིམས་འགལ་གནད་དོན་སྐོར་གྱི་ཁུངས་སྣེ་ཁག་ཉིས་ཁྲི་སུམ་སྟོང་ལྔ་བརྒྱ་སྐྱེལ་བ་དང་། འབབ་འཕར་གཏོང་མཁས་དང་གྱོང་གུན་སེལ་བ་སྒོར་དུང་ཕྱུར་ཉིས་ཁྲི་ལྔ་སྟོང་ཟིན་ཡོད་པ་རེད།
རྩིས་བཤེར་ཧྲུའི་ཏང་ཙུའི་ཧྲུའུ་ཅི། རྩིས་བཤེར་འགོ་འཛིན་ཧུའུ་ཙེ་ཅུན་གྱིས། རྩིས་བཤེར་ལས་ཀས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གསལ་སྟོན་བྱས་པ་དང་། དབང་ཆ་བཀོལ་སྤྱོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏང་རྒྱུ་དེ་སྔ་ཕྱི་བར་གསུམ་དུ་རྩིས་བཤེར་ལྟ་སྐུལ་གྱི་འགན་འཁྲི་གལ་ཆེན་ཞིག་ཏུ་འཇོག་པ་དང་། སླད་ཕྱིན། རྩིས་བཤེར་ཧྲུའུ་ཡིས་སྲིད་ཇུས་དོན་འཁྱོལ་ཐུབ་མིན་གྱི་རྗེས་འདེད་རྩིས་བཤེར་ཏན་ཏིག་སྒོ་ནས་བསྒྲུབ་རྒྱུ་ཡིན་ཞེས་བསྟན་ཡོད། ཧུའུ་ཙེ་ཅུན་གྱིས་གནད་དོན་གསལ་སྟོན་བྱེད་ཕོད་ལ་ཡང་གནད་དོན་ཐག་གཅོད་གང་ཐུབ་བྱ་རྒྱུ་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། རྩིས་བཤེར་ཁྲོད། མི་བདེན་རྫུན་སྒྲིག་དང་། གནས་ཚུལ་ངོ་མ་སྦས་གསང་བྱེད་པ། ལས་དོན་བསྒྲུབ་རྒྱུ་འགོར་དྲག་པ། ལས་དོན་རྫུན་མ་སྒྲུབ་པ་སོགས་ཀྱི་སྒྱིད་ལུག་དང་ལེ་ལོའི་སྲིད་སྐྱོང་སྐོར་གྱི་གནད་དོན་གསལ་སྟོན་བྱས་ཏེ། རྩིས་བཤེར་ཀྱིས་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུའི་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་དབྱང་གི་སྲིད་ཇུས་བཀའ་ཡིག་ཤར་གཏོང་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10