བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2018-01-10

བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ།

  འདི་ནི་ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་དཔེ་སྟོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་རྟེན་གཞིའི་ནང་འཕྲུལ་མི་ཚོགས་པའི་འཛིན་གྲྭའི་སློབ་མས་འཕྲུལ་མི་སྒྲིག་བཞིན་པ།

བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ།

  འདི་ནི་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་རྟེན་གཞིའི་ཚན་རྩལ་ཁང་ནང་སློབ་མ་འགས་དེང་རབས་ཀྱི་ཚན་རྩལ་ལ་མྱོང་རོལ་བྱེད་བཞིན་པ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་ཕྱོགས་བསྡུས་ལག་ལེན་རྟེན་གཞི་དང་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་གཞོན་ནུ་ལོ་ཆུང་ཚན་རྩལ་ལྟེ་གནས་དང་གྲོས་མཐུན་བྱུང་བ་དང་སྦྲགས་རོགས་སྐྱོར་མ་དངུལ་སྒོར་ཁྲི10དང་ལེན་བྱས་ཏེ་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་དེ་འཛུགས་རྒྱུར་སྤྱད་ཡོད། མིག་སྔར་ལས་དོན་ཁང་དེ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་རེད།

  ཤེས་རྟོགས་བྱུང་བར་གཞིགས་ན། ལས་དོན་ཁང་དེ་ལྷ་ས་གྲོང་ཁྱེར་སློབ་གསོ་གྲོང་གི་གཞོན་ནུ་ལོ་ཆུང་དཔེ་སྟོན་ཕྱོགས་བསྡུས་ལག་ལེན་རྟེན་གཞིའི་ནང་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ100ལྷག་ཙམ་ཡོད་པ་དང་དུས་གཅིག་ལ་སློབ་མ40ལྷག་ཙམ་གྱིས་བྱེད་སྒོ་སྤེལ་ཐུབ། ཚན་རིག་ལས་དོན་ཁང་དེའི་བྱེད་ནུས་གཞིར་བཟུང་། སློབ་ཁྲིད་ཁུལ་དང་ཕྱོགས་བསྡུས་ལག་ལེན་ཁུལ་གཉིས་ལ་དབྱེ་བ་དང་། བྱེད་སྒོའི་ནང་དོན་གཞིར་བཟུང་འཕྲུལ་མི་སྒྲིག་སྦྱོར་དང་མ་ལག་སྒྲིག་བཟོའི་ཁུལ་དང་། 3Dཔར་འདེབས་བཀོལ་སྤྱོད་ཁུལ། མི་མེད་གནམ་གྲུ་ཚོད་ལྟའི་ཁུལ་བཅས་སུ་དབྱེ་ཡོད་པ་རེད།

  “བོད་ལྗོངས་ཀྱི་མངོན་འགྱུར་མཁན་གྱི་སློབ་གསོའི་བྱེད་སྒོའི་འབྲེལ་ཡོད་སྟོང་ཆ་བསྐངས་ནས་ཚན་རྩལ་སློབ་གསོའི་འཕེལ་རྒྱས་ཀྱི་གོམ་སྟབས་དང་དམ་པོར་སྦྲེལ་ཆེད། ལས་དོན་ཁང་གིས་བརྒྱུད་རིམ་ལྡན་པའི་ངང་མངོན་འགྱུར་མཁན་གྱི་སློབ་གསོ་གཏོང་སྟངས་ནང་འདྲེན་བྱས་པ་དང་། གཞོན་ནུ་ལོ་ཆུང་གི་གསར་གཏོད་བསམ་བློ་དང་། རུ་ཁག་མཉམ་ལས། ལག་པ་སྒུལ་ནུས་བཅས་གསོ་སྐྱོང་ཤུགས་ཆེན་བྱས་ཏེ་གཞོན་ནུ་ལོ་ཆུང་རྣམས་ལ་ཆ་རྐྱེན་ལྡན་པ་དང་། ཁོར་ཡུག་ཡོད་པ། ཡིད་དབང་འགུགས་ནུས་ལྡན་པ་བཅས་ཀྱི་སློབ་ཕྱིའི་ཚན་རྩལ་སློབ་གསོའི་བྱེད་སྒོ་སྤེལ་ཡུལ་ཞིག་ཧུར་ཐག་བཏོད་ཐུབ་པ་བྱས་ཡོད”ཅེས་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་ཕྱོགས་བསྡུས་ལག་ལེན་རྟེན་གཞིའི་ཀྲུའུ་རེན་བཀྲ་ཕུན་གྱིས་དེ་ལྟར་ངོ་སྤྲོད་བྱས་པ་དང་། ཁོང་གིས་གོམ་སྟབས་རྗེས་མར་ང་ཚོས་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་དང་མཉམ་དུ་གཞོན་ནུ་ལོ་ཆུང་ཚན་རིག་ལས་དོན་ཁང་འཛུགས་སྐྱོང་བྱ་རྒྱུ་ཁྱབ་གདལ་གཏོང་རྒྱུ་དང་། ལས་དོན་ཁང་དེ་དཔེ་ལྟ་སར་འཛིན་ནས་དུས་ཡུན་ལོ་གསུམ་ནང་ལྗོངས་ཡོངས་སུ་ལས་དོན་ཁང་20བཙུལས་ནས་གཞི་རིམ་གྱི་གཞོན་ནུ་ལོ་ཆུང་སྔར་ལས་མང་བ་ཚན་རྩལ་སློབ་གསོའི་བྱེད་སྒོར་ཞུགས་ཐུབ་པ་བྱ་རྒྱུ་མ་ཟད། ཁོང་ཚོའི་ཚན་རིག་སྦྱོང་བ་དང་ཚན་རིག་ལ་དགའ་ཞེན་བྱེད་པའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ་བྱས་ཏེ་གཞོན་ནུ་ལོ་ཆུང་གི་ཚན་རྩལ་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱིས་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཇེ་མཐོར་བཏང་བ།
  • ལེ་ཚན་རྗེས་མ།:ཚོགས་ཆེན་གཉིས་ཀྱི་ཤེས་བྱ།
  • དོ་སྣང་ཆེ་བའི་རྩོམ།