2018ལོའི་གུང་གསེང་གི་བརྡ་ཐོ།

    མི་དམངས་དྲ་བ།    2017-12-18

      ཟླ་11ཚེས་30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་《2018ལོའི་གུང་གསེང་བཀོད་སྒྲིག་ཁ་ཤས་སྐོར་གྱི་བརྡ་ཐོ་》ཡོངས་བསྒྲགས་བྱས་ཤིང་། དེའི་ནང་དོན་གཤམ་གསལ།
     ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ཁག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུད་ཁག་དང་ཐད་གཏོགས་སྡེ་ཚན་ཁག་ལ། 
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ད་ལྟ་2018ལོའི་ལོ་གསར་དང་། དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོན་དུས་ཆེན་བཅས་གུང་གསེང་གི་ངལ་གསོའི་དུས་ཚོད་བཀོད་སྒྲིག་ཞིབ་ཕྲ་བྱས་པ་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
    གཅིག  ལོ་གསར་ཚེས་གཅིག 2018ལོའི་ཟླ་1ཚེས་1ཉིན་གུང་གསེང་འཇོག་རྒྱུ་དང་། གཟའ་མཇུག་ཏུའང་བསྟུད་མར་ངལ་གསོ་འཇོག་རྒྱུ་ཡིན་པ།
    གཉིས། དཔྱིད་གསར་དུས་ཆེན། 2018ལོའི་ཟླ་2ཚེས་15ཉིན་ནས་ཚེས་21ཉིན་བར་གུང་གསེང་འཇོག་རྒྱུ་དང་། ཁྱོན་བསྡོམས་ཉིན་7ཡིན་པ། ཟླ་2ཚེས་11ཉིན་(གཟའ་ཉི་མ་)དང་ཟླ་2ཚེས་24ཉིན་(གཟའ་སྤེན་པ་)གཉིས་ལ་ལས་ཀར་ཞུགས་དགོས་པ།
    གསུམ། དྭངས་གསལ་དུས་ཆེན། 2018ལོའི་ཟླ་4ཚེས་5ཉིན་ནས་ཚེས་7ཉིན་གུང་གསེང་འཇོག་རྒྱུ་དང་། ཁྱོན་བསྡོམས་ཉིན་3ཡིན་པ། ཟླ་4ཚེས་8ཉིན་(གཟའ་ཉི་མ་)ལ་ལས་ཀར་ཞུགས་དགོས་པ།
    བཞི། ངལ་རྩོལ་དུས་ཆེན། 2018ལོའི་ཟླ་4ཚེས་29ཉིན་ནས་ཟླ་5ཚེས་1ཉིན་བར་གུང་འཇོག་རྒྱུ་དང་། ཁྱོན་བསྡོམས་ཉིན་3ཡིན་པ། ཟླ་4ཚེས་28ཉིན་(གཟའ་སྤེན་པ་)ལ་ལས་ཀར་ཞུགས་དགོས་པ།
    ལྔ། ལྔ་པའི་ཚེས་ལྔའི་དུས་ཆེན། 2018ལོའི་ཟླ་6ཚེས་18ཉིན་གུང་གསེང་འཇོག་རྒྱུ་དང་། གཟའ་མཇུག་ཏུ་བསྟུད་མར་ངལ་གསོ་འཇོག་རྒྱུ་ཡིན་པ།
    དྲུག  ཟླ་མཆོད་དུས་ཆེན། 2018ལོའི་ཟླ་9ཚེས་24ཉིན་གུང་གསེང་འཇོག་རྒྱུ་དང་། གཟའ་མཇུག་ཏུ་བསྟུད་མར་ངལ་གསོ་འཇོག་རྒྱུ་ཡིན་པ།
    བདུན། རྒྱལ་སྟོན་དུས་ཆེན། 2018ལོའི་ཟླ་10ཚེས་1ཉིན་ནས་ཚེས་7ཉིན་བར་གུང་གསེང་འཇོག་རྒྱུ་དང་། ཁྱོན་བསྡོམས་ཉིན་7ཡིན་པ། ཟླ་9ཚེས་29ཉིན་(གཟའ་སྤེན་པ་)དང་ཟླ་9ཚེས་30ཉིན་(གཟའ་ཉི་མ་)གཉིས་ལ་ལས་ཀར་ཞུགས་དགོས་པ།
     གུང་གསེང་སྐབས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་རེས་དང་བདེ་འཇགས། སྲུང་སྐྱོབ་སོགས་ཀྱི་ལས་ཀ་བཀོད་སྒྲིག་ལེགས་པོ་བྱེད་དགོས། ཐོལ་བྱུང་གི་དོན་རྐྱེན་ཚབས་ཆེན་བྱུང་ན། གཏན་འབེབས་བཞིན་དུས་ཐོག་ཏུ་སྙན་སེང་ཞུ་དགོས་ལ་ཐག་གཅོད་འཚམ་པོར་བྱས་ཏེ་མི་དམངས་མང་ཚོགས་བདེ་ཞིང་སྐྱིད་པའི་ངང་ནས་དུས་ཆེན་ཁག་གཏོང་སྐལ་རག་པའི་འགན་སྲུང་བྱེད་དགོས།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་པར་རིས་ཀུན་བཏུས་ཐོག་མ་ པར་འགྲེམས་བྱས་པ།
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ་ནས་ཞི་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་བྱས།
  • དོ་སྣང་ཆེ་བའི་རྩོམ།