མི་དམངས་དྲ་བ། 2017-12-05
ཟླ་11ཚེས་26ཉིན། ལྷ་ས་གྲོང་ཁྱེར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་ཁང་གི་སྒོ་བྱང་བཀལ་བ་རེད།
རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་ཁང་དེས་རྒྱ་བོད་ཡིག་གཟུགས་གཉིས་ཀྱི་སྒྱུ་རྩལ་ཁྱབ་གདལ་དང་རྒྱུན་འཛིན་བྱས་ནས་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བར་ལས་སྟེགས་ཤིག་བསྐྲུན་རྒྱུ་ཡིན་པ་རེད།
སྒོ་བྱང་འགེལ་བའི་མཛད་སྒོར་རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་ཁང་གིས་བློ་འདྲི་བ་11དང་དགེ་རྒན་ཆེ་མོ་བ་14གདན་དྲངས་པ་རེད། ཁོང་ཚོ་མང་ཆེ་བ་ནི་ཡིག་གཟུགས་དགེ་རྒན་ནམ་ཡང་ན་སྤྱི་ཚོགས་ལས་རིགས་ཁག་གི་ཡིག་གཟུགས་མཁས་ཅན་རེད། ཁོང་ཚོས་སླད་ཕྱིན་གླ་ཆ་མ་ལེན་པའི་སྒོ་ནས་ཞིབ་འཇུག་ཁང་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་ཁང་གིས་རྒྱ་ཡིག་ཡིག་གཟུགས་དང་བོད་ཡིག་ཡིག་གཟུགས་ཟུང་འབྲེལ་བྱས་ནས་རྒྱ་ཡིག་དང་བོད་ཡིག་གི་ཡིག་གཟུགས་སྒྱུ་རྩལ་མཉམ་འདྲེས་གཞི་གཅིག་ཅན་གྱི་སྒྲིག་གཞི་ཞིག་ཆགས་པར་བྱས་ཡོད། ཞིབ་འཇུག་ཁང་གིས་ཡིག་གཟུགས་མཁས་ཅན་གྲོས་ཚོགས་དང་། རིག་གཞུང་བགྲོ་གླེང་། ཡིག་གཟུགས་འགྲེམས་སྟོན། སྒྱུ་རྩལ་གསོ་སྦྱོང་བཅས་བྱས་པ་བརྒྱུད་བོད་ཀྱི་དུས་རབས་གསར་པ་མངོན་པའི་སྒྱུ་རྩལ་གྱི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱ་རྒྱུ་ཡིན་པ་རེད།
གཞན་ཡང་རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་ཁང་གིས་སླད་ཕྱིན་གཟའ་མཇུག་དང་། དགུན་གསེང་དང་དབྱང་གསེང་གྱི་དུས་སུ་དུས་བཀག་བཞིན་རིན་མེད་ཡིག་གཟུགས་གསོ་སྦྱོང་སྣ་ཚོགས་བྱ་རྒྱུ་ཡིན་པ་དང་། ཟླ་12པའི་ཟླ་དཀྱིལ་དུ་རྒྱ་བོད་ཡིག་གཟུགས་གསོ་སྦྱོང་དུས་ཐེངས་དང་པོ་གཉེར་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10