རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་དུས་རབས་གསར་པར་སླེབས།

ཚེ་རིང་སྒྲོལ་མ་གཉིས་ཀྱིས་བསྒྱུར།        2017-11-20

     ཞིན་ཧྭ་གསར་འགྱུར་ཁང་སུའུ་ཀྲོའུ་ནས་འབྱོར་བའི་གཏམ་གསར། ཞིང་པའི་ཡོང་འབབ་གསར་དུ་འཕར་ནས་ལོ་བཞིའི་རིང་བརྒྱ་ཆ47.4འཕར་བ་དང་། ད་ལོ་སྒོར་ཁྲི1.3ལྷག་ཙམ་ཟིན་ནས་མི་འབོར་དབུལ་པོ་ཁྲི6000ལྷག་ཙམ་དབུལ་ཐར་བརྟན་པོ་ཐུབ་རེ་ཡོད་པ་རེད། 

འབྲུ་རིགས་ཐོན་ཚད་བསྟུད་མར་ལོ4ལ་རྒྱ་མ་བསྡོམས་འབོར་དུང་ཕྱུར་ཁྲི1.2ཡན་ཆད་ལ་སྲུང་འཛིན་བྱུང་བ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ56ལྷག་ཟིན་ནས་ད་ལོའི་རྨོ་ཞིང་འདེབས་འཇོག་རེས་མོས་ཀྱི་ལམ་ལུགས་མུའུ་ཁྲི1200བར་ཚོད་ལྟ་བྱེད་རྒྱ་ཆེ་རུ་བཏང་ཡོད། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དག་ཐོག་ནས་རང་རྒྱལ་གྱི་གྲོང་གསེབ་དཔལ་འབྱོར་གྱི་སྤྱི་ཡོངས་གནས་བབ་དེ་སྐས་རིམ་གསར་པར་སླེབས་ནས་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བ་དེ་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད་པ་རེད།

     ཞིང་ལས་པུའུ་ཡི་པུའུ་ཀྲང་ཧན་ཁྲང་ཕུའུ་ཡིས་འདི་གར་འཚོགས་པའི་སྐབས་དང་པོའི་ཀྲུང་གོའི་གྲོང་གསེབ་ཀྱི་ལས་ཞུགས་གསར་གཏོད་གླེང་སྟེགས་ཐོག་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་དུས་རབས་གསར་པར་སླེབས་པའི་མངོན་གསལ་དོད་པོའི་ཁྱད་ཆོས་ནིགསར་པ་དྲུགརེད། དེ་ནི་ཞིང་ལས་ཐོན་སྐྱེད་ནུས་ཤུགས་སྐས་རིམ་གསར་པར་སླེབས་པ་དང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ལ་རྣམ་པ་གསར་པ་བཏོད་པ། དེང་རབས་ཞིང་ལས་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་སྤོས་པ། གྲོང་གསེབ་ཀྱི་བཅོས་བསྒྱུར་ཐད་བཀོད་སྒྲིག་གསར་པ་བྱས་པ། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་འཕེལ་རྒྱས་གསར་པ་བྱུང་བ། ཞིང་པའི་ཡོང་འབབ་གསར་དུ་འཕར་བ་བཅས་རེད། དུས་རབས་གསར་པར་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཐད་སྔར་བཞིན་འགྲན་སློང་འཕྲད་ཡོད་ཅེས་གསུངས་པ་རེད།

     ཧན་ཁྲང་ཕུའུ་ཡིས་དུས་རབས་གསར་པར་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་རྒྱུ་ནི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། བཟོ་ལས་དང་། ཞིང་ལས། གྲོང་ཁྱེར། གྲོང་གསེབ་བཅས་ཀྱི་འབྲེལ་བ་སྔར་བས་ལེགས་སྒྲིག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་མངོན་གསལ་དུ་ཆུང་དུ་བཏང་སྟེ་ཞིང་ལས་དེ་བྱེད་རིན་ཡོད་པའི་ཐོན་ལས་ཤིག་ཏུ་འགྱུར་བ་དང་། ཞིང་པ་ཡིད་དབང་འགུག་ཤུགས་ལྡན་པའི་ལས་རིགས་ཤིག་ཏུ་འགྱུར་བ། གྲོང་གསེབ་བདེ་སྡོད་ལས་བརྩོན་གྱི་ཁྱིམ་གཞིས་ཤིག་ཏུ་འགྱུར་བ་བྱ་དགོས་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར 192.67བཏང་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་ལོ་གསར་སྔ་ཤོས་ཏེ། ཀོང་པོའི་ལོ་གསར་བསུ་བ།
  • དོ་སྣང་ཆེ་བའི་རྩོམ།