སྒོ་ཡོན་གྱི《རང་རིག་རང་གསལ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།

    མཚོ་སྔོན་པོ་དྲ་བ།    2015-02-13

 སྒོ་ཡོན་གྱི《རང་རིག་རང་གསལ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།

བོད་ཀྱི་ན་གཞོན་རྩོམ་པ་པོ་སྒོ་ཡོན་ལགས་ཀྱི་ཐོལ་རྩོམ་དང་བསྒྱུར་རྩོམ་དེབ«རང་རིག་རང་གསལ»ཞེས་པ་རྩོམ་པ་པོའི་དཔེ་སྐྲུན་ཁང་ནས་པར་ཏུ་བསྐྲུན་ཏེ་ད་ལྟ་དངོས་སུ་འགྲེམ་སྤེལ་བྱས་འདུག དེབ་གསར་འདི་ཉིད་རང་རེའི་ཁ་བ་ཅན་གྱི་སྟོད་ཉི་མ་ལྷ་ས་དང་བར་གནའ་མཁར་ཟི་ལིང་། སྨད་རྒྱ་ནག་ཁྲིན་ཏུའུ་གཙོས། དཀར་མཛེས་དང་བྲག་འགོ གསེར་རྟ་དང་མགོ་ལོགརྔ་བ་དང་ཁྱུང་མཆུ་སོགས་ཀྱི་བོད་ཡིག་དཔེ་ཁང་མང་པོར་འགྲེམ་སྤེལ་བྱེད་བཞིན་འདུག་པས།ས་གནས་དེ་དག་གི་ཀློག་པ་པོ་རྣམས་ཀྱིས་རང་ཡུལ་ནས་དངོས་སུ་བཀླག་ཐུབ་ངེས་རེད། 
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཞེ་གཅིག་པ་པེ་ཅིན་ནས་ཚོགས།
  • ལེ་ཚན་རྗེས་མ།:རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་སུམ་ཅུ་འཁོར་བའི་རྗེས་དྲན་ཚོགས་འདུ་ཟི་ལིང་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།