ཝང་ཏུང་མིང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་གྱི་རྣམ་པ་གསར་པ་ཞིག་འཛུགས་པར་འབད་བརྩོན་བྱ་དགོས་ཞེས་གསུངས།

        2015-02-12

ཝང་ཏུང་མིང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་གྱི་རྣམ་པ་གསར་པ་ཞིག་འཛུགས་པར་འབད་བརྩོན་བྱ་དགོས་ཞེས་གསུངས།

སྤྱི་ཟླ་2པའི་ཚེས་9ཉིན།སི་ཁྲོན་ཞིང་ཆེན་ཏང་ཨུ་ཡི་མི་རིགས་ལས་ཀའི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཟེངས་བསྟོད་ཚོགས་ཆེན་ཐེངས་བདུན་པ་དེ་ཁྲེན་ཏུའུ་རུ་འཚོགས་ཤིང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བྱ་བར་རེ་འདུན་བཏོན་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་དང་།རྒྱལ་ཁབ་དམངས་ཨུའི་ཆེད་བསྐོས་ཨུ་ཡོན་ཀོན་ཕེ་ཅུན་གྲོས་ཚོགས་སུ་ཕེབས་ཡོད།ཝང་ཏུང་མིང་གིས།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་།ཞིང་ཆེན་ཏང་ཨུ་ཡིས་ཀྲུང་དབྱང་གི་བཀོད་སྒྲིག་རེ་འདུན་དོན་འཁྱོལ་བྱ་བ་རྒྱུན་འཁྱོངས་བྱས་ཏེ།ནུས་ཤུགས་ཡོད་རྒུས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་བཅོས་བསྒྱུར། སྤྱི་ཚོགས་ཡར་ཐོན་བཅས་ལ་སྐུལ་སྤེལ་བཏང་བ་ཡིན། དུས་ཡུན་རིང་པོར་འབད་བརྩོན་བྱས་པ་བརྒྱུད།མི་རིགས་ས་ཁུལ་གྱི་རྣམ་པར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།གྲུབ་འབྲས་འདི་དག་ནི་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱབ་སྐྱོར།རྒྱལ་ཁབ་དམངས་ཨུ་སོགས་རྒྱལ་ཁབ་སྡེ་ཁག་གི་མཛུབ་སྟོན་དང་རོགས་རམ།དེ་བཞིན་ཞིང་ཆེན་ཡོངས་ཀྱི་མི་དམངས་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་ཞེས་གསུངས། །
 
  • ལེ་ཚན་སྔོན་མ།:ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་གིས2015ལོའི་བོད་ཤིང་ལུག་ལོའི་ལོ་སར་མཉམ་སྤྲོའི་དགོང་ཚོགས་ཕབ་བསྐྲུན་ལེགས་འགྲུབ་བྱུང་།
  • ལེ་ཚན་རྗེས་མ།:མ་སྐྱེས་ཨ་མ་རོལ་ཚོགས་ཀྱི་གཡང་དཀར་སྒྲོལ་མ་དང་པ་སངས་ཟླ་བ་གཉིས་ཀྱི་ཆེད་སྒྲིག་ཐོག་མ་《སྙིང་གཏམ།》འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།