2015-01-30
སྐབས་དང་པོའི་བོད་ལྗོངས་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་ཚོགས་པ།
ཚོགས་ཆེན་གྱི་ཡུལ་དངོས།
ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། སྐབས་དང་པོའི་བོད་ལྗོངས་ལྷ་སའི་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་གཟབ་རྒྱས་ངང་ཚོགས་པ་རེད།
ཐེངས་འདིའི་རིག་གཞུང་དཔྱད་གླེང་ཚོགས་འདུར་ལྗོངས་དང་གྲོང་ཁྱེར་རིམ་པ་ཁག་གི་འབྲེལ་ཡོད་ལས་ཁུངས་དག་ནས་རྒྱབ་སྐྱོར་གནང་ཡོད་པ་དང་ཚོགས་འདུའི་སྔ་ཕྱི་བར་གསུམ་དུ་ལྷ་ས་གྲོང་ཁྱེར་དྲིལ་སྒྲོག་པུའུ་དང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། དེ་མིན་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དང་ལྗོངས་རིག་གནས་ཐིན། ལྗོངས་རིག་དངོས་ཅུའུ་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་པ་ཞུགས་ཡོད་ཅིང༌། ཉིན་གཉིས་རིང་ལ་རྒྱལ་ཡོངས་སྤྱི་དང་སྒོས་སུ་བོད་ཡུལ་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ལས་གནས་མི་གཅིག་པའི་ཚོགས་ཞུགས་མི་གྲངས་བརྒྱ་ཕྲག་ཙམ་ཐེངས་འདིའི་ཚོགས་ཆེན་དེར་ཞུགས།
ཚོགས་འདུའི་སྟེང་། བོད་ཀྱི་ཆེད་མཁས་པ་རྣམས་ཀྱིས་གནའ་བོའི་ཞང་ཞུང་གི་ཡུལ་ཁམས་ལ་དཔྱད་པ་དང་ཞང་བོད་ཀྱི་སྐར་རྩིས་འབྱུང་ཁུངས་ཀྱི་ཤེས་རིག་བྱུང་ཚུལ། ཞང་ཞུང་དུས་རབས་སྐབས་ཀྱི་བོད་ཀྱི་རིག་གནས་དར་ཚུལ་སོགས་ཀྱི་སྐོར་ནས་གནད་དུ་ཕོག་པའི་བཀའ་སློབ་དང་དགོངས་བཞེད་གསར་བ་དུ་མ་བསྩལ།
ཚོགས་ཞུགས་པ་རྣམས་ཀྱིས་ཕན་ཚུན་དྲི་བ་སྣ་ཚོགས་བཏོན་ཞིང༌། ཞང་ཞུང་ཤེས་རིག་ཞིབ་འཇུག་གི་མིག་སྔའི་གནས་བབས་དང་མ་འོངས་འཕེལ་རྒྱས། སྒོས་སུ་དེང་སང་ཉམས་རྒུད་དུ་འགྲོ་བཞིན་པའི་ཡུལ་ལུགས་གོམས་སྲོལ། རིག་དངོས་རྩ་ཆེན་རྣམས་ཇི་ལྟར་རྒྱུད་འཛིན་དང་སྲུང་སྐྱོབ། སླར་གསོ་བཅས་བྱེད་དགོས་མིན་སྐོར་ལ་བགྲོ་གླེང་ཟབ་མོ་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10