མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ལོ3གྱི་དུས་ཚོད་སྤྱད་དེ་དོན་ལས་སྡེ་ཁག་མི་དོན་དོ་དམ་སྲིད་ཇུས་ཁྲིམས་སྲོལ་མ་ལག་ཆགས་རྒྱུར་བརྩོན་ལེན་བྱས།
མིག་དམར་གྱིས་བསྒྱུར། 2014-07-10
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ6པའི་ཚེས25ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་གཉིས་ཀྱིས་འཚོགས་པའི་《དོན་ལས་སྡེ་ཁག་གི་མི་དོན་དོ་དམ་སྲོལ་ཡིག》སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་དོན། དགེ་མཚན་ལྡན་ཞིང་བརྟན་བརླིང་ངང་དོན་ལས་སྡེ་ཁག་གི་མི་དོན་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་ཆེད། རང་རྒྱལ་གྱིས་ལྷུ་ལག་ཆ་ཚང་བའི་སྲིད་ཇུས་ཁྲིམས་སྲོལ་གྱི་མ་ལག་འཐུས་སྒོ་ཚང་དུ་གཏང་བ་དང་། ལས་གནས་འགྲན་འཁུར་དང་དཔྱད་ཞིབ། གསོ་སྦྱོང་། བྱ་དགའ། ཞུ་གཏུག བརྗེ་རེས། ལས་འཁྱུར་ངལ་གསོ། མི་དོན་ལྟ་སྐུལ་དོ་དམ་སོགས་ལྷུ་ལག་ཆ་ཚང་སྒྲིག་པའི་ཚན་རྐྱང་སྒྲིག་སྲོལ་ཞིབ་འཇུག་གཏན་འབེབས་མགྱོ གས་པོ་བྱས་ཏེ་ལོ3ཡས་མས་སུ་གཞི་རྩའི་ཐོག་ནས་སྲོལ་ཡིག་གིས་སྲོག་ཤིང་བྱེད་པའི་དོན་ལས་སྡེ་ཁག་གི་མི་དོན་དོ་དམ་གྱི་སྲིད་ཇུས་ཁྲིམས་སྲོལ་མ་ལག་འགྲུབ་གང་ཐུབ་བྱ་རྒྱུ་རེད།
ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲགས་པའི《དོན་ལས་སྡེ་ཁག་གི་མི་དོན་དོ་དམ་གྱི་སྲོལ་ཡིག》དེ་ད་ལོའི་ཟླ་བ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་དབྱི་ཝེ་མིང་གིས་དོན་ལས་སྡེ་ཁག་དེ་སློབ་གསོ་དང་འཕྲོད་བསྟེན། ཚན་རྩལ། རིག་གནས་བཅས་ཀྱི་ཁྱབ་ཁོངས་དང་འབྲེལ་པས་ལས་རིགས་ཀྱི་ཁྱད་པར་མངོན་གསལ་ཡིན་པ་དང་མི་སྣའི་གྲུབ་ཚུལ་སྣ་མང་ཡིན་ཞེས་བསྟན་པ་རེད། ཁོང་གིས་ས་གནས་ཁག་གི་སྡེ་ཁག་སོ་སོས་རིགས་བགོས་ཏེ་དོན་ལས་སྡེ་ཁག་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏང་རྒྱུའི་སྤྱིའི་བླང་བྱ་ལྟར། ལས་ཁུངས་ཀྱི་སྒྲིག་གཞི་དང་ཡོང་འབབ་བགོ་བཤའ། སྤྱི་ཚོགས་ཉེན་སྲུང་། ནོར་སྲིད་ལམ་ལུགས། ལས་རིགས་ཀྱི་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པར་ལྷུ་ལག་ཚང་བ་འབྲེལ་མཐུད་ཡག་པོ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།