སི་ཁྲོན་ཞིང་ཆེན་གྱིས་ཡོང་འབབ་བརྟན་པོར་འཕར་སྣོན་གཏོང་བའི་བྱེད་ཐབས་བཅུ་དྲུག་བཏོན།

གངས་སྐྱིད་ཀྱིས་བསྒྱུར།        2014-06-27

སི་ཁྲོན་ཞིང་ཆེན་གྱིས་བཏོན་པའི༼དེང་སྐབས་ཀྱི་དཔལ་འབྱོར་བརྟན་བརླིང་ངང་འཕར་སྣོན་གཏོང་བའི་བྱེད་ཐབས་བཅུ་དྲུག༽ཅེས་པའི་ཡི་གེ་དེ་ཞིང་ཆེན་སྲིང་གཞུང་གིས་འདོན་མཐུན་བྱས་པར་བརྒྱུད།ཟླ་བ6པའི་ཚེས3ཉིན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་དངོས་སུ་པར་འགྲེམ་བྱས་ཡོད།བྱེད་ཐབས་བཅུ་དྲུག་འདི་དག་མ་དངུལ་གཏོང་འཇོག་ལ་སྐུལ་འདེད་གཏོང་བ་དང་།   ཐོན་ལས་འཕེལ་རྒྱས་གཏོང་བ།   འཛད་སྤྱོད་བྱེད་པར་སྐུལ་མ་གཏོང་བ།   ཕྱིར་གཏོང་བར་སྐུལ་འདེད་གཏོང་བ།   རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱེད་པ།  འཕེལ་རྒྱས་གཏོང་བའི་ཁོར་ཡུག་བཟང་སྒྲུག་བཅས་ཀྱི་ཐད་གཏོགས་ཡོད།
     མ་དངུལ་གཏོང་འཇོག་ལ་སྐུལ་འདེད་གཏང་རྒྱུའི་སྐོར།  སྔར་ལས་ལྷག་པར་མ་དངུལ་གཏོང་འཇོག་རྣམ་གྲངས་ཞིབ་བཤེར་ཆོག་མཆན་མ་སྤྲད་སྔོན་གྱི་ཞིབ་བཤེར་ནང་དོན་ཉུང་དུ་བཏང་སྟེ་ཞིབ་བཤེར་ཆོག་མཆན་གྱི་ཕན་ནུས་མཐོ་རུ་གཏང་རྒྱུ་ཡིན་པ།
      ཐོན་ལས་འཕེལ་རྒྱས་གཏང་རྒྱུའི་སྐོར།  ཞིང་ཆེན་སྲིད་གཞུང་གི་གཙོ་གནད་ཀྱི་བཟོ་ལས་དང་ལག་རྩལ་བསྒྱུར་བཀོད་བྱ་རྒྱུའི་རྣམ་གྲངས151ལག་ལེན་བསྟར་བར་སྐུལ་འདེད་ཤུགས་ཆེན་གཏང་རྒྱུ་དང་།    ལག་རྩལ་བསྒྱུར་བཀོད་བྱ་རྒྱུའི་དམིགས་ཡུལ་ལས་འགན་ལེགས་འགྲུབ་ཡག་ཙམ་བྱེད་པའི་གྲོང་ཁྱེར་དང(རང་སྐྱོང་ཁུལ)ལ་ཞིང་ཆེན་རིམ་པའི་ལག་རྩལ་བསྒྱུར་བཀོད་མ་དངུལ་བཀོད་སྒྲིག་བྱེད་སྐབས་གཟིགས་སྐྱོང་གི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་།  ཞིང་ཆེན་རིམ་པའི་དེང་རབས་ཀྱི་ཞབས་འདེགས་ལས་རིགས་བསྡུས་འདུས་ས་ཁུལ་སྐྲུན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།
        འཛད་སྤྱོད་བྱེད་པར་སྐུལ་མ་གཏང་རྒྱུའི་སྐོར།  རྒྱལ་ཁབ་ཕྱི་ནང་གི་སྐད་གྲགས་ཅན་གྱི་ཆེད་ལས་འགྲེམས་སྟོན་ཁང་དུ་ཞུགས་པ་དང་།  ཕྱི་རྒྱལ་གྱི་བདག་གཉེར་ཉོ་འཚོང་དྲ་ཚུགས་འཛུགས་སྐྱོང་བྱེད་མཁན་གྱི་ཞིང་ཆེན་ནང་ཁོངས་ཀྱི་ཁེ་ལས་ལ་མ་དངུལ་ཐད་ཀྱི་རྒྱབ་སྐྱོར་བྱ་རྒྱུ་དང་།  སོས་པའི་ཞིང་ལས་ཐོན་རྫས་འདུས་སྡེ་ཁུལ་དང་།  རང་བདེམས་ཚོང་ཁང་།  ཚོང་ར།  ཚོགས་པ་བཅས་ལ་འཚོང་བར་སྐུལ་འདེད་གཏང་རྒྱུ་ཡིན་པ།
      ཕྱིར་ཐོན་པར་སྐུལ་མ་གཏང་རྒྱུའི་སྐོར།  ཁེ་ལས་བརྒྱ་ཙམ་རྒྱལ་ཕྱིར་ཐོན་པའི་བྱེད་སྒོ་སྤེལ་ནས་ཕྱི་རྒྱལ་གྱི་འགྲེམས་སྟོན་ལ་ཞུགས་པའི་ཁེ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།
     རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱ་རྒྱུའི་སྐོར།   གཙོ་ཆེའི་ཐོན་ལས་རྣམ་གྲངས་ཀྱིས་ས་སྤྱོད་པར་གཙོ་གནད་དུ་གཟིགས་སྐྱོང་བྱ་རྒྱུ་དང་།  འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་སོགས་དམངས་འཚོའི་རྣམ་གྲངས་ཀྱིས་ས་སྤྱོད་པར་འགན་ལེན་བྱེད་གང་ཐུབ་བྱ་རྒྱུ་ཡིན་པ།
     མ་དངུལ་གཏོང་འཇོག་གི་ཁོར་ཡུག་བཟང་སྒྲུག་བྱ་རྒྱུའི་སྐོར།  ཁེ་ལས་དང་འབྲེལ་བ་ཡོད་པའི་དངུལ་ལེན་པའི་ཞིབ་ཐོར་དོ་དམ་བྱ་རྒྱུ་ཡིན་པ།   
  • ལེ་ཚན་སྔོན་མ།:ཀུའོ་ཧྲོའུ་མིང་ལ“ཀྲུང་གོའི་ཕུལ་བྱུང་ཁེ་ལས་མཁས་ཅན”གྱི་མཚན་སྙན་ཐོབ་པ།
  • ལེ་ཚན་རྗེས་མ།:ཧོ་པེ་ཞིང་ཆེན་གྱིས་ནུས་ཤུགས་ཡོད་དགུས་ཞིང་ལས་ཆུ་བེད་གྲོན་ཆུང་གིས་ཞིང་ཆུ་འདྲེན་རྒྱུ་འཕེལ་རྒྱས་བཏང་།
  • དོ་སྣང་ཆེ་བའི་རྩོམ།