ཞིང་འཕྲུལ་བདམས་ནས་དཔྱིད་རྨོད་ལ་གྲ་སྒྲིག་བྱེད་པ
ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། 2012-03-05
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གནམ་གཤིས་དྲོ་རུ་སོང་བ་དང་ཆབས་ཅིག “གཙང་པོའི་ཤར་རྒྱུད་ཀྱི་འབྲུ་མཛོད ”ཅེས་གྲགས་པའི་ཧྲན་ཤིས་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་དུ་དཔྱིད་རྨོད་ཀྱི་མཐོ་རླབས་ཤིག་འཕྱུར་ཞིང་། ཞིང་པ་ཚོས་ཞིང་འཕྲུལ་དང་། ས་བོན། རྫས་ལུད། ཞིང་སྨན་སོགས་དཔྱིད་རྨོད་ཀྱི་དངོས་ཟོག་འདེམས་ཉོ་བྱས་ཏེ་དཔྱིད་རྨོད་ཐོན་སྐྱེད་ལ་འཐུས་ཤོར་མི་ཡོང་བ་བྱེད་ཅིང་། འདི་ནི་ཧྲན་ཤིས་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་གྱི་ཤིན་ཅང་རྫོང་གི་ཞིང་འཕྲུལ་ཀུང་སི་ཞིག་ཏུ་ཞིང་པ་ཚོས་འདྲུད་འཐེན་འཕྲུལ་འཁོར་འདེམས་ཉོ་བྱེད་པའི་གནས་ཚུལ་ཡིན་པ་རེད།