བོད་ལྗོངས་ལྷོ་ཁས་བཟའ་བཏུང་ཞབས་ཞུའི་ཆོག་འཐུས་ཀྱི་དོ་དམ་མ་ལག་ཐོག་མར་བཟོས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། 2012-03-02
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བཟའ་བཏུང་ཞབས་ཞུའི་ཆོག་འཐུས་ལས་དོན་གྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་དང་ལས་ཀའི་སྤུས་ཚད་དང་ལས་ཆོད་ལེགས་སུ་གཏོང་ཆེད། བོད་ལྗོངས་ལྷོ་ཁ་ས་ཁུལ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཟའ་བཏུང་ཞབས་ཞུའི་ཆོག་འཐུས་ལས་དོན་གྱི་ཁྱད་ཆོས་དང་དེ་བཞིན་བདག་སྤྲོད་ལས་དོན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ《བཟའ་བཏུང་ཞབས་ཞུའི་ཆོག་འཐུས་དོ་དམ་གྱི་མ་ལག》བཟོས་པ་རེད། ཟླ་ཕྱེད་ལྷག་རིང་བཟོ་བཅོས་དང་ཚད་ལེན་ཡང་དང་བསྐྱར་དུ་བྱས་པར་བརྟེན་ནས་དོ་དམ་མ་ལག་དེ2012ལོའི་ཟླ1པོར་སྤྱོད་འགོ་དངོས་སུ་ཚུགས་ཤིང་། ལྷོ་ཁ་ས་ཁུལ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྐལ་བཟང་གིས་དེ་ནི་ལྗོངས་ཡོངས་སུ་ཐོག་མར་བཟོས་པར་གཏོགས་པ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།