གྲངས་ཉུང་མི་རིགས་ཀྱི་ཡིག་རིས་དང་ཐང་གའི་འགྲེམ་སྟོན་སྤེལ་བ།
བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2014-06-18
ཟླ6པའི་ཚེས15ཉིན། ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་རི་མོ་བའི་མཐུན་ཚོགས་སོགས་ཀྱིས་མཉམ་དུ་བསྒྲུབས་པའི་སྐབས་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་ཡིག་རིས་དང་ཐང་གའི་འགྲེམ་སྟོན་ལན་ཀྲུའུ་རུ་བསྡུས་ཤིང་། ཐེངས་འདིར་ཁ་ཆེའི་རིགས་དང། བོད་རིགས། སོག་རིགས། མན་རིགས་སོགས་མི་རིགས12ཀྱི་བརྩམས་ཆོས600ལྷག་འགྲེམ་སྟོན་བྱས་པ་དང་། དེའི་ཁྲོད་ཐང་གའི་བརྩམས་ཆོས36ཡོད་པ་རེད།