ཞི་ཅིན་ཕིང་གིས་ཡ་གླིང་གི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་ཀྱི་རིམ་པ་ཆེས་མཐོའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་རྒྱལ་ཁབ་ཁག་གི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས།

མིག་དམར་གྱིས་བསྒྱུར།        2014-05-26

 ཞིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་བ5པའི་ཚེས20ཉིན་འབྱོར་བའི་གཏམ་གསར། ཟླ་བ5པའི་ཧྲང་ཧའེ་རུ་དཔྱིད་ཀའི་རྣམ་པ་མངོན་ཏེ་མཛེས་སྡུག་གིས་མིག་དབང་འཕྲོག གོང་ཚེས་ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ཡི་རྒྱལ་སྤྱི་གྲོས་ཚོགས་ལྟེ་གནས་སུ་གསོལ་སྟོན་སྤེལ་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་སྐུལ་ཚབ་མཛད་དེ་ཡ་གླིང་གི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་ཀྱི་རིམ་པ་ཆེས་མཐོའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་རྒྱལ་ཁབ་ཁག་གི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་ནན་གསུང་གནང་རྒྱུར།ཡ་གླིང་གི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་ཀྱི་རིམ་པ་ཆེས་མཐོའི་གྲོས་ཚོགས་དེ་ཡ་གླིང་གི་རྒྱལ་ཁབ་ཆེས་མང་པོར་ཁྱབ་པའི་བདེ་འཇགས་ཀྱི་བགྲོ་གླེང་ཞིག་ཡིན་པའི་ཆ་ནས་བཤད་ན། ཡ་གླིང་གི་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིམ་ནས་ཡ་རབས་དར་སྤེལ་གྱིས་གླེང་མོལ་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་དང། ཡིད་ཆེས་དང་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མདུན་ལམ་ཡངས་པོ་ཡོད་པ་རེད། ཀྲུང་གོའི་ཐད་ནས་ཡ་གླིང་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་མཐུད་དབྱུག་ལོན་རྒྱུ་གཏན་འཁེལ་བྱས་པ་ནི་ཀྲུང་གོས་ཞི་བདེར་རེ་བ་བཅོལ་བ་དང་ཞི་བདེ་ཡོང་བར་འབད་བརྩོན་བྱེད་པ། ཞི་བདེར་འཚོ་སྲུང་བྱེད་པའི་བྱེད་ཐབས་དངོས་ཤིག་ཡིན། ཧྲང་ཧའེ་རུ་འཚོགས་པའི་ཡ་གླིང་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་ཀྱི་རིམ་པ་ཆེས་མཐོའི་གྲོས་ཚོགས་ཐེངས་བཞི་པས་རིགས་དེའི་བྱེད་ཐབས་གྲོས་ཚོགས་ཀྱི་ལོ་རྒྱུས་ཐོག་བག་ཆགས་གཏིང་ཟབ་པོ་བཞག་སྟེ། རྒྱལ་ཁབ་ཁག་གིས་གླེང་མོལ་དང་ཡིད་ཆེས། རོགས་ལས་བཅས་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་དུ་ཞི་བདེ་དང་བརྟན་བརླིང་། མཉམ་འབྲེལ་བཅས་ཀྱི་ཡ་གླིང་གསར་པ་བསྐྲུན་པར་བྱས་རྗེས་འཇོག་དགོས།
    གསོལ་སྟོན་ཕེབས་པར་དགའ་བསུ་ཞུས་རྗེས། མཐུན་སྒྲིལ་འཆམ་མཐུན་གྱི་ཡ་གླིང་དེ་ལག་གདང་སྦྲེལ་ནས་མ་འོངས་པར་བསྐྱོད་ཅེས་པའི་ཡ་གླིང་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་ཀྱི་རིམ་པ་ཆེས་མཐོའི་གྲོས་ཚོགས་ཐེངས་བཞི་པའི་རིག་རྩལ་དགོང་ཚོགས་དེ་ཧྲང་ཧའེ་ཡི་ཟློས་གར་ཁང་ཆེན་མོར་སྤེལ་བ་རེད
  • ལེ་ཚན་སྔོན་མ།:༼གཅན་ཚའི་རྔ་བ་དགོན་གྱི་རྡོ་བརྐོས་སངས་རྒྱས་སྟོང་སྐུ༽ཐོག་མའི་འགྲེམ་སྤེལ་གྱི་བགྲོ་ཚོགས་བསྡུས།
  • ལེ་ཚན་རྗེས་མ།:དུད་ཚང་ཚང་མས་རྒྱང་བསྒྲགས་དང་བརྙན་འཕྲིན་ལྟ་ཉོན་ཐུབ་པའི་ལས་གྲྭས་མཐོ་སྒང་གི་ཞིང་འབྲོག་པ་ཁྲི70ལ་ཁེ་ཕན་ཐོ
  • དོ་སྣང་ཆེ་བའི་རྩོམ།