མངའ་རིས་ས་ཁུལ་གྱིས་ཆེད་ལས་ལག་རྩལ་མི་སྣའི་འཇོན་མི་མིང་མཛོད་འཛུགས་རྒྱུ་རེད།

    བོད་ལྗོངས་ཉིན་རེའི་ཚགས་པར།    2014-02-16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་ཏང་ཨུ་ཡིས་ཚོགས་པའི་ལས་བྱེད་མི་སྣ་དང་འཇོན་མིའི་བྱ་བའི་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། རྗེས་ཕྱོགས་མངའ་རིས་ས་ཁུལ་གྱི་ས་གནས་ཨུ་ཡོན་ལྷན་ཁང་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་མུ་མཐུད་དུ་རིམ་པ་སོ་སོའི་ལས་བྱེད་པའི་རུ་ཁག་གི་སྟོབས་ཤུགས་ཇེ་ཆེར་བཏང་སྟེ། ཆེད་ལས་ལག་རྩལ་མི་སྣའི་འཇོན་མི་མིང་མཛོད་འཛུགས་རྒྱུ་ཡིན་ལ། ལས་བྱེད་པ་དང་འཇོན་མིའི་ཡོངས་ཁུངས་རྒྱ་བསྐྱེད་རྒྱུ་ཡིན་པ་མ་ཟད། ས་ཁུལ་དང་། རྫོང་། ཤང་། (གྲོང་རྡལ)བཅས་ཀྱི་སྡེ་དཔོན་སོགས་སྔར་ཡོད་ཀྱི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣ་སོ་སོ་འོས་འཚམས་ངང་བཀོལ་སྤྱོད་བྱས་ཏེ། ས་ཁུལ་ཡོངས་ཀྱི་བྱ་བ་འཕེལ་རྒྱས་བྱུང་བར་རྒྱུན་ཆད་མེད་པའི་ལས་བྱེད་པ་དང་འཇོན་མི་མཁོ་འདོན་བྱ་རྒྱུ་རེད།  །
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་ཞོང་ཡ་ལིའི་ཙུང་ལི་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་བྱས་པར་མ་ཟད་མཉམ་དུ་གྲོས་མོལ་མཛད་པ
  • ལེ་ཚན་རྗེས་མ།:ལྷོ་ཁ་ས་ཁུལ་གྱིས་རིག་གནས་བྱ་གཞག་གོང་འཕེལ་ཡོང་རྒྱུར་འགན་སྲུང་བྱས།
  • དོ་སྣང་ཆེ་བའི་རྩོམ།