དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཆེན་པོར་བཏང་ནས་སེམས་ཐག་གཙང་བཅད་ཀྱིས་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས།

ཝང་ཏུང་མིང་།        2013-11-05

    ཐེངས་འདིའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དེའི་ནང་དོན་གཙོ་བོ་ནི་དམངས་ཀྱི་དོན་དུ་དོན་གཉེར་སྤྱོད་གཙང་བྱ་རྒྱུ་དང་། མེ་ལོང་ལ་བལྟས་ཤིང་རང་ལུས་བསྲང་བ་དང་། ལུས་སེམས་ཀྱི་སྐྱོན་བཀྲུས་ཤིང་སྨན་བཅོས་བྱེད་པ་དེ་སྤྱིའི་བླང་བྱ་བྱས་ཏེ། གཅིག་བསྡུས་ཀྱིས་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་ཀྱི་དར་སྲོལ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པས། ཏང་ཀྲུང་དབྱང་གིས་ཏང་གིས་ཏང་དོ་དམ་བྱེད་དགོས་པ་དང་། ཏང་ནན་པོར་སྐྱོང་དགོས་པའི་འགྱུར་མེད་ཀྱི་སེམས་ཐག་གང་ལེགས་མཚོན་པ་རེད། ཕྱི་ཚུལ་རིང་ལུགས་ནི་དར་སྲོལ་ངན་པ་བཞིའི་སྔོན་དུ་གནས་ཤིང་ཏང་གི་ངོ་བོ་དང་དམིགས་ཡུལ་ལས་ཚབས་ཆེན་འགལ་བ་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བར་གཏོར་བཤིག་ཚབས་ཆེན་བཏང་བས་ངེས་པར་དུ་སེམས་ཐག་དེ་བས་སྲ་བརྟན་དང་བྱེད་ཐབས་དེ་བས་ནུས་ལྡན་སྤེལ་ནས་སེམས་ཐག་གཙང་བཅད་ཀྱིས་རྩ་མེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་པར་དངོས་གནས་དྲང་གནས་སེམས་བསམ་པ་དེ་བྱ་གཞག་བསྒྲུབ་རྒྱུའི་སྟེང་ལ་འཇོག་དགོས་པ་དང་། གནས་ཚུལ་ངོ་མ་རྟོག་ཞིབ་བྱ་རྒྱུ་དང་། དངོས་ཕན་ཐོགས་པའི་བྱེད་ཐབས་བཏོན་པ། དངོས་དོན་སྒྲུབ་པ། ཕན་འབྲས་དངོས་ཐོགས་པའི་ཐད་ཤུགས་རྒྱག་དགོས་ཞེས་ནན་གསུང་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་ནན་ཏན་བྱས་ཤིང་། སི་ཁྲོན་བཅོས་བསྒྱུར་འཕེལ་རྒྱས་གཏོང་བའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་དམ་པོར་བྱས་ཏེ་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཆེན་པོར་བཏང་ནས་སེམས་ཐག་གཙང་བཅད་ཀྱིས་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་གང་ཐུབ་བྱེད་དགོས །
    གཅིག གནས་ཚུལ་དངོས་རྟོག་ཞིབ་བྱ་རྒྱུར་ཤུགས་བརྒྱབ་ནས་མང་ཚོགས་ཁྲོད་དུ་ཕྱིན་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་།མང་ཚོགས་ཀྱི་བློ་རིག་མཉམ་འདོན་བྱས་ནས་ཚན་རིག་དང་མཐུན་པའི་ཇུས་འགོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
    མི་དམངས་མང་ཚོགས་ནི་རང་རེའི་ཏང་གི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དང་རྒྱལ་ཁ་ཐོབ་པའི་རྩ་བ་ཡིན་པས།ཁོ་ཚོའི་ཁྲོད་དུ་རྫོགས་མཐའ་མེད་པའི་བློ་རིག་དང་སྟོབས་ཤུགས་མངའ་བ་རེད། ཡིན་ན་ཡང་ཕྱི་ཚུལ་རིང་ལུགས་པས་མིག་གྱེན་ལ་ལྟ་བ་མ་གཏོགས། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་མཐོང་ཆེན་མི་བྱེད་པ་དང་ཉམས་མྱོང་ལ་བརྟེན་ནས་བྱ་བ་སྒྲུབ་པ།བསམ་བློ་འཁོར་ཙམ་གྱི་ཇུས་འགོད་བྱས་པ་རེད།གནས་ཚུལ་དངོས་ལ་རྟོག་ཞིབ་བྱེད་སྐབས།གལ་འགངས་ཆེ་ཤོས་དང་རྩ་བའི་བྱེད་ཐབས་ཆེ་ཤོས་ནི་གཞི་རིམ་དུ་དངོས་སུ་ཕྱིན་པ་དང་།མང་ཚོགས་ཀྱི་ནང་དུ་ཕྱིན་ནས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས།མང་ཚོགས་དགེ་རྒན་དུ་བསྟེན་པ་དང་།མང་ཚོགས་ལ་སློབ་སྦྱོང་བྱེད་པ། མང་ཚོགས་ལ་བཀའ་སློབ་ཞུ་བ།སྲིད་ཇུས་དམངས་ལ་འདྲི་བ། ཅི་མཁོ་དམངས་ལ་འདྲི་བ།ཐབས་ཇུས་དམངས་ལ་འདྲི་བ་བཅས་བྱས་ནས་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་འདུས་ཡོང་བ་བྱས་ནས་ང་ཚོའི་གནད་དོན་བསམ་བློ་གཏོང་ས་དང་སྲིད་དོན་ཐག་གཅོད་བྱེད་པ།ལས་ཀ་དམ་འཛིན་བྱེད་སའི་གལ་འགངས་ཆེ་བའི་གཞིར་འཛིན་ས་དང་སྒུལ་ཤུགས་བྱེད་དགོས།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས།ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་པ་བྱས་ནས2020ལོ་སླེབས་དུས་རྒྱལ་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་དགོས་པའི་ཞིང་ཆེན་ཡོངས་ཀྱི་ལས་ཀའི་བརྗོད་བྱ་གཙོ་བོར་དམིགས་ནས་ཕྱོགས་བཅུའི་དོན་ཚན་འགངས་ཆེན10གཏན་འཁེལ་བྱས།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཁུར་ལག་སྟབས་བདེའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་ཁྱད་པར་དུ་ས་འགུལ་གྱི་གནོད་སྐྱོན་ཐེབས་ཁུལ་དང་མི་རིགས་ས་ཁུལ།མཐའ་འཁོབ་ས་ཁུལ་བཅས་ལ་ཕྱིན་ནས་བརྟག་དཔྱད་ཞིབ་འཇུག་ཟབ་མོ་སྤེལ་ནས་རྒྱ་ཁྱབ་ཏུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་།ཆེད་མཁས་པ་དང་མཁས་དབང་རྣམ་པའི་བསམ་འཆར་གསན་འཇོག་གནང་བ་ཡིན།དེའི་ཐོག་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བ་དང་མགྱོ གས་མྱུར་དུ་འཕེལ་རྒྱས་གཏོང་བ་ཞེས་པའི་ལས་ཀའི་སློབ་སྟོན་བསམ་བློ་བཙུགས་པ་དང་གནས་མང་དང་སྣེ་མང་གིས་དཔལ་འབྱོར་ལ་འདེགས་སྐྱོར་བྱ་རྒྱུ་དང་། བཟོ་ལས་ཅན་གསར་པ་དང་གྲོང་རྡལ་ཅན་གསར་པ་ཕན་ཚུན་མཉམ་འགུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱ་རྒྱུ།གསར་གཏོད་ཀྱིས་གོང་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཇུས་ཆེན་པོ་གསུམ་དང་། སི་ཁྲོན་དེ་དཔལ་འབྱོར་གྱི་ཞིང་ཆེན་ཆེན་མོ་ནས་དཔལ་འབྱོར་གྱི་སྟོབས་ལྡན་ཞིང་ཆེན་དུ་མཆོང་བརྒལ་གཏོང་བ་དང་སྤྱི་ཁོག་འབྱོར་འབྲིང་ནས་ཁྱོན་ཡོངས་འབྱོར་འབྲིང་ལ་མཆོང་བརྒལ་བྱེད་པ་བཅས་མཆོང་བརྒལ་གཉིས་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་དམིགས་ཡུལ་བཏོན་པ་རེད།
    གཉིས། དངོས་ཕན་བྱེད་ཐབས་སྤྱད་རྒྱུར་ཤུགས་བརྒྱབ་ནས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུའི་ལྟེ་གནས་དམ་པོར་བཟུང་ནས་བྱེད་ཐབས་ནུས་ལྡན་གྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏང་དགོས།
    དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་བྱ་བ་གང་བྱེད་དོན་དངོས་ལ་གཞིགས་ནས་བྱེད་དགོས་པ་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན།ཡིན་ན་ཡང་འཕེལ་རྒྱས་བསམ་ཕྱོགས་དངོས་ཡོད་གནས་ཚུལ་དང་ཁ་བྲལ་ཞིང་འཕེལ་རྒྱས་གཏོང་ཐབས་དོན་དངོས་དང་མི་མཐུན་པ།ལས་ཀ་དོན་ཐོག་ཏུ་མི་འཁྱོལ་བ།ཕྱི་ཚུལ་གྱི་བཟོ་ལྟ་ཙམ་སྟོན་རྒྱུ་དང་ཁ་འབོད་སྟོང་པ་བྱ་རྒྱུར་དགའ་བ་བཅས་ནི་ཕྱི་ཚུལ་རིང་ལུགས་ཀྱི་མཚོན་ཚུལ་ཞིག་རེད། དངོས་ཕན་གྱི་བྱ་ཐབས་བླངས་དགོས་ཞེས་པ་ནི་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་དེ་ཡུལ་དེ་གའི་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་མཐུན་པ་བྱེད་དགོས་ཞིང་།ལས་ཀར་སྐུལ་འདེད་གཏོང་རྒྱུར་ལག་ཐབས་དངོས་ཡོད་པ་དང་།དམིགས་འབེན་མངོན་འགྱུར་བྱ་རྒྱུར་བྱེད་ཐབས་ཀྱི་འགན་སྲུང་ཡོད་པ།ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་གཏོང་རྒྱུ་ཁོ་ནར་དམིགས་པའི་སེམས་ཤུགས་བརྟན་པོ་རྒྱུན་འཛིན་བྱེད་པ།དངོས་ཡོད་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་དམིགས་ཤིང་། ལྷོད་གཡེང་རྣམ་གཡེང་མེད་པར་སེམས་ཤུགས་གཅིག་ཏུ་བསྒྲིམས་ནས་འཕེལ་རྒྱས་གཏོང་རྒྱུར་དམ་འཛིན་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་འཛུགས་སྐྲུན་བྱེད་དགོས་པར་ཟེར་བ་རེད།
འདི་ལོ་ཁ་ཤས་རིང་།སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་མོད། འོན་ཀྱང་མི་གྲངས་མང་བ་དང་རྨང་གཞི་ཞན་པ།འཕེལ་རྒྱས་གཏོང་རྒྱུ་མི་འདང་བ།ཆ་སྙོམས་མིན་པའི་ཞིང་ཆེན་གྱི་རྩ་བའི་གནས་ཚུལ་དེ་རྩ་བ་ནས་ལེགས་བཅོས་གཏོང་ཐུབ་མེད་པས། 2020ལོར་སླེབས་དུས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བ་རེད། ང་ཚོས་འཕེལ་རྒྱས་གཏོང་རྒྱུ་མི་འདང་བ་དང་ས་ཁོངས་འཕེལ་རྒྱས་གཏོང་རྒྱུ་ཆ་མི་སྙོམས་པའི་མངོན་གསལ་ཆེ་བའི་གནད་དོན་ལ་དམིགས་ནས་ཤུགས་ཆེན་པོས་གནས་མང་སྣེ་མང་གིས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་བྱེད་པའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་ཡོད་ཅིང་། ཁྲེང་ཏུའུ་སྔོན་དུ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་གྲོང་ཁྱེར་དང་ཁུལ་རིམ་པའི་རྗེས་འབྲངས་དཔལ་འབྱོར་སྟོབས་ཆེར་བཏང་ཞིང་ས་ཁོངས་དཔལ་འབྱོར་གྲུབ་ཁུལ་ཆེ་རུ་གཏོང་བ།སི་ཁྲོན་གྱི་ས་ཁུལ་གསར་པ་དང་།ཁྲོན་ནུབ་དཔལ་འབྱོར་ས་ཁུལ། སི་ཁྲོན་བྱང་ཤར་རྒྱུད་ཀྱི་དཔལ་འབྱོར་ས་ཁུལ་བཅས་གསར་དར་གྱི་དཔལ་འབྱོར་འཕར་སྣེ་གསུམ་གསོ་འཛུགས་བྱེད་ཅིང་།རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་ཞིང་།ཞིང་ཆེན་ཡོངས་ཀྱིས་འགྲན་རྩོད་འཕེལ་རྒྱས་བྱེད་པའི་ཆགས་ཚུལ་འཛུགས་སྐྱོང་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཐད་མཐུན་སྦྱོར་མིན་པའི་མངོན་གསལ་ཆེ་བའི་གནད་དོན་ལ་དམིགས་ནས་ཤུགས་ཆེན་པོས་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གཉིས་སྐུལ་ཁྲིད་བྱེད་རེས་དང་གཅིག་གྱུར་འཆར་འགོད་ཀྱིས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ།བཟོ་ལས་ཅན་གསར་པ་དང་གྲོང་རྡལ་ཅན་གསར་པ་ཕན་ཚུན་མཉམ་འགུལ་གྱིས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་བ། གློག་རྡུལ་ཆ་འཕྲིན་དང་སྒྲིག་ཆས་བཟོ་སྐྲུན།བཟའ་བཏུང་ཟས་རིགས། སྣུམ་རླངས་རྫས་འགྱུར་བཟོ་ལས། ནུས་ཁུངས་གློག་ཤུགས།གཞི་རྒྱུའི་ས་དཀོན་པོ་ཝན་ཐེ་ལས་སྣོན།རླངས་འཁོར་བཟོ་སྐྲུན་བཅས་མཐུན་རྐྱེན་ཐོན་ལས་བདུན་གསོ་འཛུགས་ཆེན་པོ་བྱས་ནས་གོ་རིམ་ཡོད་པའི་སྒོ་ནས་སྦག་བཙོག་ཆེ་བ་དང་ནུས་ཁུངས་ཟད་གྲོན་ཆེ་བའི་རྗེས་ལུས་ཀྱི་ཐོན་ནུས་ཚོ་གཅིག་མེད་པར་བཟོ་ཞིང་། ཁྲེང་ཏུའུ་གཤོང་ས་དང་སི་ཁྲོན་ལྷོ་རྒྱུད། སི་ཁྲོན་བྱང་ཤར་རྒྱུད།ཕན་ཙི་ཧྭ་ནུབ་རྒྱུད་བཅས་གྲོང་ཁྱེར་ཚོ་པ་བཞི་གཟུགས་གཞི་གཙོ་བོར་བྱེད་ཅིང་།གྲོང་ཁྱེར་ཆེན་པོ་ལྟེ་གནས་སུ་བྱས་ཤིང་ས་ཁོངས་ལྟེ་གནས་གྲོང་ཁྱེར་གྱིས་འདེགས་སྐྱོར་བྱེད་པ། གྲོང་ཁྱེར་ཆུང་འབྲིང་གིས་རྐང་འཛིན་བྱེད་པ།གྲོང་རྡལ་ཆུང་ཆུང་གིས་རྨང་གཞི་བྱེད་པའི་དེང་རབས་གྲོང་རྡལ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་ཞིང་།གྲོང་ཁྱེར་དང་གྲོང་གསེབ་བཅོས་བསྒྱུར་དངོས་སུ་བྱས་ནས་གྲོང་ཁྱེར་དང་ཞིང་སྡེ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་།བཟོ་ལས་ཅན་དང་ཆ་འཕྲིན་ཅན།གྲོང་རྡལ་ཅན།ཞིང་ལས་དེང་རབས་ཅན་བཅས་ཅན་བཞི་མཉམ་དུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
དོན་དངོས་སྒྲུབ་པར་དུས་ཚོད་སྤྱད་དེ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་འཇོག་དགོས་ཤིང་།རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་དགོས།
    རྒྱ་ཆེ་བའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་།འཚོ་སྲུང་ཡག་པོ།འཕེལ་རྒྱས་ཡག་པོ་བྱ་རྒྱུ་ནི་ལས་ཀ་ཚང་མའི་འགོ་འཛུགས་ས་དང་དམིགས་ཡུལ་ཡིན་པ།ཕྱི་ཚུལ་རིང་ལུགས་པས་བྱ་བ་སྒྲུབ་དུས་དེ་མིག་མདུན་གྱི་ཁེ་ཕན་ཁོ་ནར་ལྟ་བ་དང་།ཕྱི་ཚུལ་གྱི་ལས་ཀ་ལས་རྒྱུར་དགའ་བ།མང་ཚོགས་སྐྱིད་སྡུག་དང་འབྲེལ་བ་ཡོད་པའི་བྱ་བ་ཡིན་རུང་འགོ་ཁྲིད་ཀྱིས་མཐོང་ཐུབ་ས་དེ་ལས་པ་དང་།མཐོང་མི་ཐུབ་ས་དེ་ཉུང་ཉུང་ལས་པ་དང་ཐ་ན་མི་ལས་པ་རེད།དོན་དངོས་སྒྲུབ་དུས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱིས་བསམ་སར་བསམ་བློ་གཏོང་བ་དང་།མང་ཚོགས་ལ་མཁོ་དགོས་ཆེ་སར་སེམས་འཚབ་བྱེད་དགོས།བློ་གཅིག་སེམས་གཅིག་གིས་དམངས་ཀྱི་སེམས་ཁྲལ་སེལ་རོགས་བྱེད་དགོས་པ་དང་།དམངས་ཀྱི་དཀའ་གནད་ཐག་གཅོད་བྱེད་རོགས་བྱེད་པ།དམངས་ཀྱི་དཀའ་ངལ་ལ་རོགས་རམ་བཅས་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བའི་དམངས་འཚོའི་བྱ་བ་ཡག་པོ་སྒྲུབ་དགོས་པ་དང་ཞིབ་ཕྲ་སྒྲུབ་དགོས་པ་རེད།
    ང་ཚོས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པ་དེ་དོན་ཆེན་ཨང་དང་པོ་བྱེད་པ་ནི་ཕྱོགས་གཅིག་ནས་རྒྱུན་ཆད་མེད་པར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བརྟེན་ནས་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་དམིགས་ཡུལ་མངོན་འགྱུར་ཡོང་བ་བྱེད་གང་ཐུབ་བྱས་ཏེ།ཁྱོན་ཡོངས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལེགས་བཅོས་བྱེད་དགོས།ཕྱོགས་གཞན་ཞིག་ནས་དམིགས་ས་རང་བཞིན་གྱི་བྱེད་ཐབས་བླངས་ཏེ་ལས་ཀ་སྒྲུབ་ཤུགས་ཆེ་རུ་བཏང་སྟེ་ཤུགས་ཆེན་པོས་དམངས་འཚོའི་གནད་དོན་གཙོ་བོ་ཐག་གཅོད་བྱེད་དགོས།ད་ལོ་ནས་བཟུང་།ང་ཚོས་མུ་མཐུན་ནས་ཡོང་འབབ་འཕར་སྣོན་ཡང་ཡང་ཡོང་བ་དང་།ལས་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་བ།སྤྱི་ཚོགས་འགན་ལེན་མཐོར་འདེགས་སོགས“དམངས་འཚོའི་བྱ་སྤྱོད་ཀྱི་འཆར་གཞི་བཅུ”ལག་བསྟར་བྱས་ཡོད།ནོར་སྲིད་ཀྱིས་མ་དངུལ་གཏོང་འཇོག་དེ་ན་ལོ་ལས་བརྒྱ་ཆ15.7འཕར་སྣོན་བྱུང་བ་མ་ཟད།ད་དུང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་སྨན་རྫས་ཀྱི་མ་རྩ་སྣོན་པ་དེ་མེད་པ་བཟོ་བ་དང་།དཀའ་ངལ་ཡོད་པའི་མང་ཚོགས་ལ་ནད་ལྗིད་པོ་ཆེ་རིགས་ཕོག་དུས་སྨན་བཅོས་ཀྱིས་རོགས་སྐྱོབ་བྱེད་པ་སོགས་དམངས་འཚོའི་སྲིད་ཇུས་བྱེད་ཐབས་བརྒྱད་ཞིབ་འཇུག་དང་གསར་སྣོན་བྱས་ཏེ།མི་དམངས་མང་ཚོགས་ལ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་བཅུག་ཡོད།དེ་མིན།རང་རེའི་ཞིང་ཆེན་གྱི་དབུལ་ཕོངས་མི་གྲངས་མང་བ་དང་།དབུལ་ཕོངས་ཁྱབ་ཁྱོན་ཆེ་བ།དབུལ་ཕོངས་འགྱུར་ཚད་གདིང་ཟབ་མོ་ཡིན་པ།ཞིང་ཆེན་ཡོངས་སུ་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཁྲི750ཡོད་པ།དེའི་ནང་ཆིན་པ་ས་ཁུལ་དང་།ཝུའུ་མུའུ་རི་ཁུལ།མཐོ་སྒང་བོད་ཁུལ།ལིའང་ཧྲན་དབྱིས་རིགས་ཆེ་ཆུང་ས་ཁུལ་ལ་དབུལ་ཕོངས་མི་གྲངས་ཁྲི450ཡོད་པ།ཏང་གི་ཡང་དག་པའི་འགོ་ཁྲིད་འོག་བོད་ཁུལ་དང་དབྱིས་ཁུལ་འདི་དག་ལ་སྔོན་མར་གོམ་སྟབས་གཅིག་གིས་ལོ་སྟོང་བརྒལ་བའི་འཕོ་འགྱུར་བྱུང་བ་ཡོད།དེ་རིང་ཐབས་གང་གིས་ཁོ་ཚོར་སྣེ་ཁྲིད་དེ་གོམ་སྟབས་མཉམ་པོས་འབྱོར་འབྲིང་སྤྱི་ཚོགས་ལ་སྐྱོད་རྒྱུ་དེ་ནི་ངེས་པར་དུ་གཏོར་རྒོད་བྱེད་དགོས་པའི་དཀའ་གནད་ཅིག་ཡིན་ལ།ང་ཚོའི་ཕྲག་ཐོག་ཁུར་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡང་ཡིན།དབྱིས་ཁྱིམ་གྱི་གྲོང་ཚོ་གསར་པ་དང་།པ་ཧྲན་གྱི་སྡོད་ཁང་གསར་པ།བོད་ཁུལ་གྱི་སྡོད་ཁུལ་གསར་པ་སོགས་གྲོང་སྡེ་གསར་པ་འདུས་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་པར་དམ་འཛིན་ཡག་པོ་བྱས་ཏེ2020ལོར་དབུལ་ཕོངས་མི་གྲངས་ཉུང་དུ་ཆེས་ཆེར་ཕྱིན་པ་དང་།དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དུ་ལེགས་བཅོས་ཡོང་བ།དུས་བཀག་ལྟར་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་ཡུལ་མངོན་འགྱུར་ཡོང་བ་བཅས་ལ་ཁག་ཐེག་ནན་པོ་བྱེད་དགོས།
    བཞི།ཕན་འབྲས་དངོས་ཐོབ་པར་དཀའ་ལས་བརྒྱབ་སྟེ་ཤུགས་ཆེན་པོས་མང་ཚོགས་ཀྱིས་བསམ་འཆར་མང་པོ་བཏོན་པའི་དོན་དངོས་གནད་དོན་ཐག་གཅོད་བྱས་ཏེ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་ལམ་ལུགས་ནང་རྐྱེན་འཛུགས་པ་དང་དེ་འཐུས་ཚང་གཏོང་དགོས།
    དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་པ་དང་བྱེད་ཐབས་དངོས་བླངས་ནའང་འདྲ།ཡང་ན་དོན་དངོས་སྒྲུབ་པ་བཅས་གང་ཡིན་རུང་མཐར་ཕན་འབྲས་དངོས་་ཐོབ་རྒྱུར་ཐུག་ཡོད།ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་གྱི་ཁྱད་ཆོས་ནི་གོ་རིམ་འདེད་པ་དང་བཟོ་ལྟ་ཙམ་བཏོན་པ་དེ་རེད།མཐའ་མཇུག་འགལ་བ་དང་གནད་དོན་གང་ཡང་ཐག་གཅོད་ལེགས་པོ་བྱེད་མེད་པ་རེད།ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་དུས་ལས་ཀའི་གཞི་འཛིན་ས་དེ་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུའི་ཐོག་འཇོག་དགོས་པ་དང་།མང་ཚོགས་ཀྱིས་བསམ་འཆར་མང་པོ་བཏོན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ནས་འགོ་བཙུགས་ཏེ་གནད་དོན་གང་ཡོད་ན་དེ་ཐག་གཅོད་བྱེད་དགོས་ལ།གནད་དོན་གང་མངོན་གསལ་ཡིན་ན་དེ་གཙོ་བོར་བཟུང་སྟེ་ཐག་གཅོད་བྱེད་དགོས།ཏན་ཏིག་གིས་མི་དམངས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པའི་དོན་དངོས་ཀྱི་ཕན་འབྲས་ཐོབ་ཐུབ་པ་བྱེད་དགོས།
    སྲོལ་བཞིའི་གནད་དོན་ལ་མི་དམངས་མང་ཚོགས་ཀྱིས་འཁོན་འཛིན་ཞེ་ནད་བྱེད་པ་རེད།ང་ཚོས་ཐེངས་འདིའི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་དེ་གོ་སྐབས་སུ་བཟུང་སྟེ་ཚན་ཁག་དཔུང་སྡེའི་འཛུགས་སྐྲུན་དམ་འཛིན་བྱེད་དགོས་པ་དང་།ནན་ཏན་གྱིས་སྲོལ་བཞིའི་ཐད་ལ་ཡོད་པའི་མངོན་གསལ་གྱི་གནད་དོན་ཐག་གཅོད་བྱས་ཏེ།བསམ་པའི་རྣམ་པ་ལེགས་པོའི་ཐོག་ནས་མི་དམངས་མང་ཚོགས་སྣེ་ཁྲིད་བྱས་ཏེ་སྔོན་བཀོད་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས།ཕྱིན་ཆད་ང་ཚོས་ནན་ཏན་གྱིས་ཀྲུང་དབྱང་གིས་བཀོད་སྒྲིག་དང་རེ་འདུན་ལག་ལེན་མཐར་ཕྱིན་བྱས་ཏེ་འགོ་ཁྲིད་བྱེད་དགོས་པ་ལྔ་དང་ཟུང་འབྲེལ་བྱ་རྒྱུ་ལྔ་རྒྱུན་འཁྱོངས་བྱས་ཏེ།ཧུར་ཐག་གིས་སློབ་གསོའི་ལག་ལེན་བྱེད་སྒོ་དམ་འཛིན་བྱེད་དགོས།མངོན་གསལ་དུ་དོད་པའི་གནད་དོན་ཐག་གཅོད་བྱེད་རིམ་སྔར་ལྷག་གིས་ལམ་ལུགས་ཀྱི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་སྟེ།ལམ་ལུགས་གོམས་སྲོལ་བརྟན་པོས་འཁོར་རྒྱུག་བྱེད་བཅུག་སྟེ་བཅོས་མིན་དང་སྟོང་མེད།མི་འཁྱོག་པ་བཅས་ཏན་ཏིག་བྱེད་དགོས།བྱེད་སྒོར་ཏན་ཏན་ཏིག་ཏིག་གིས་ཕན་འབྲས་ཐོབ་པར་འགན་ལེན་བྱས་ཏེ་ཀྲུང་དབྱང་ལ་བློས་འཁེལ་བཅུག་པ་དང་མང་ཚོགས་ཀྱི་བློར་བབ་པ་བྱེད་དགོས།
  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་རིགས་སོ་སོའི་མང་ཚོགས་ཀྱིས་གནོད་ཕྱིའི་བསྐྱར་འཛུགས་ལེགས་འགྲུབ་བྱུང་བའི་ཚོགས་ཆེན་ལ་རྟེན་འབྲེལ
  • ལེ་ཚན་རྗེས་མ།:བོད་ཀྱི་ས་གདན་བཟོ་ལེགས་སྒྱུ་རྩལ་འགྲེམ་སྟོན་དེ་པེ་ཅིང་དུ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།