སྐབས་བཞི་བའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-11-05

སྐབས་བཞི་བའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།
 སྐབས་བཞི་བའི་རྒྱལ་ཡོངས་བོད་ལུགས་གསོ་རིག་་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།

སྤྱི་ཟླ11པའི་ཚེས1ཉིན། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་སྨན་ཁང་དང་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་གཉིས་ཀྱིས་ལྷན་དུ་སྤེལ་བའི་སྐབས་བཞི་བའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་པེ་ཅིང་དུ་བསྡུས་ཤིང་། བོད་ལྗོངས་དང་སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་བཞིའི་བོད་ཁུལ་དང་ཧྲན་ཞི་སོགས་ས་ཁུལ་གྱི་སློབ་མ་དང་། པེ་ཅིང་གི་བོད་ལུགས་གསོ་རིག་བྱ་སྒྲུབ་པ་སོགས་མི100ལ་ཉེ་བ་ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། དུས་ཡུན་ཉིན10ཡི་ཟབ་སྦྱོང་དུ་ཞུགས་པ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ནི་བོད་ལྗོངས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དགའ་བོ་ཡིས《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང》འཆད་ཁྲིད་བྱེད་པ་དང་། ཟབ་སྦྱོང་འཛིན་གྲྭའི་འཆད་ཁྲིད་གནས་ཚུལ་ལ་ད་དུང་ཐེན་ཧྲི་བཟོ་བཀོད་ཅེས་རྒྱལ་ཡོངས་མཉམ་འདུས་ནད་དཔྱད་ལྟེ་གནས་ཀྱིས་བསྐྲུན་པའི་སྟེགས་བུར་བརྒྱུད་རྒྱང་གཟུགས་ཐད་གཏོང་བྱས་ཏེ་ས་ཐག་རིང་བའི་ཡུལ་གྲུའི་བོད་སྨན་བྱ་སྒྲུབ་པ་རྣམས་ཀྱིས་ཀྱང་དུས་གཅིག་ཏུ་ཟབ་སྦྱོང་དེ་རོ་མྱོང་བྱེད་ཐུབ་པར་བྱ་རྒྱུ་རེད།།


 

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་སྐོར་གྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་རིགས་སོ་སོའི་མང་ཚོགས་ཀྱིས་གནོད་ཕྱིའི་བསྐྱར་འཛུགས་ལེགས་འགྲུབ་བྱུང་བའི་ཚོགས་ཆེན་ལ་རྟེན་འབྲེལ
  • དོ་སྣང་ཆེ་བའི་རྩོམ།