ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-09-27
《བྲེ་སེར་འབྲོང》རྩོམ་རིག་ལོ་ཙཱའི་དཔེ་ཚོགས་ཕྲེང་གཉིས་པའི་ཐོག་མའི་འགྲེམ་སྤེལ་གྱི་མཛད་སྒོ་ཟི་ལིང་དུ་བསྡུས།
ཟླ9བའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་མི་རིགས་རྩོམ་རིག་ལོ་ཙཱ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་བྲེ་སེར་འབྲོང་རྩོམ་རིག་དཔེ་ཚོགས་ཕྲེང་གཉིས་པའི་ཐོག་མའི་འགྲེམ་སྤེལ་གྱི་མཛད་སྒོ་ཟི་ལིང་དུ་བསྡུས།
《ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཕྱོགས་བསྒྲིགས》(ཚེ་དབང་རྡོ་རྗེས་བསྒྱུར)།
《བྲེ་སེར་འབྲོང》བོད་ཀྱི་རྩོམ་རིག་ལོ་ཙཱའི་དཔེ་ཚོགས་ཕྲེང་གཉིས་པར་ཚུད་པའི་རྩོམ་པ་པོ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་དང་། ཚེ་རིང་དོན་གྲུབ། རང་སྒྲ། རིག་ལྡན་རྒྱ་མཚོ་བཅས་ཀྱི་བརྩམས་སྒྲུང་ཕྱོགས་བསྒྲིགས་རྒྱ་འགྱུར་མ་དེབ་བཞི་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་རེད། དེ་དག་སོ་སོའི་ལོ་ཙཱ་བ་ནི་ལྷོ་བ་འགྱུར་མེད་རྡོ་རྗེའམ་མཛེས་སེ་དང་། ཚེ་དབང་རྡོ་རྗེ། ཆམ་ཚང་པདྨ་ལྷུན་གྲུབ། ལུང་རིན་ཆེན་བཅས་རེད།
《བཀྲ་ཤིས་དོན་གྲུབ་ཀྱི་བརྩམས་སྒྲུང་ཕྱོགས་བསྒྲིགས》(འཇིགས་མེད་རྡོ་རྗེས་བསྒྱུར)།
གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོར་རོགས་སྐྱོར་དང་། མཚོ་སྔོན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར། 2011ལོར། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་ཆེད་དུ་མཚོ་སྔོན་ཞིང་ཆེན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཤིག་བཙུགས་ཤིང་། 2012ལོར། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་མི་རིགས་རྩོམ་ རིག་ལོ་ཙཱའི་མཐུན་ཚོགས་ཀྱིས《བྲེ་སེར་འབྲོང》བོད་ཀྱི་རྩོམ་རིག་ལོ་ཙཱའི་དཔེ་ཚོགས་ཀྱི་བྱ་བ་སྤེལ་མགོ་བརྩམས། ལས་གཞི་འདི་ནི་བོད་ཀྱི་རྩོམ་རིག་དེ་རྒྱ་ཡིག་ཏུ་ལོ་ཙཱ་བྱེད་པར་བརྒྱུད་སྔར་ལས་ཁྱབ་ཆེ་བར་དྲིལ་སྒྲོག་དང་། མི་རིགས་རྩོམ་རིག་གསར་རྩོམ་གྱི་གཡུལ་ས་སྲ་བརྟན། མཚོ་སྔོན་གྱི་རྩོམ་རིག་གསར་རྩོམ་ཕུན་ཚོགས་འཕེལ་རྒྱས་སུ་གཏོང་བ། མཚོ་སྔོན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་དམིགས་ཡུལ་དུ་འཛིན་པའི་རྩོམ་རིག་ཐད་ཀྱི་གལ་ཆེའི་བཟོ་བཀོད་ཅིག་ཡིན། འཆར་འགོད་ལོ5ལ་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། མཚོ་སྔོན་གྲངས་ཉུང་མི་རིགས་ཀྱི་ཕ་སྐད་རྩོམ་པ་པོ20ཡི་རྩོམ་རིག་བརྩམས་ཆོས་ལོ་ཙཱ་བྱ་རྒྱུ་དང་། ན་ནིང《བྲེ་སེར་འབྲོང》བོད་ཀྱི་རྩོམ་རིག་ལོ་ཙཱའི་དཔེ་ཚོགས་ཕྲེང་དང་པོ་པར་བསྐྲུན་བྱས་རྗེས། མཚོ་སྔོན་རྩོམ་རིག་ཁྱབ་ཁོངས་སུ་གདེང་འཇོག་ལེགས་པོ་ཐོབ།
《ཚེ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་བསྒྲིགས》(པདྨ་ལྷུན་གྲུབ་ཀྱིས་བསྒྱུར)།
《བྲེ་སེར་འབྲོང》རྩོམ་རིག་ལོ་ཙཱའི་དཔེ་ཚོགས་ཕྲེང་གཉིས་པའི་ཐོག་མའི་འགྲེམ་སྤེལ་གྱི་མཛད་སྒོ་མཇུག་སྒྲིལ་རྗེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་བྱ་བའི་བརྡ་ཁྱབ་ཚོགས་འདུ་དང་མཚོ་སྔོན་ཞིང་ཆེན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཀྱི་ལོ་ཚོགས་བསྡུས་ཤིང་། དེའི་སྟེང་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་དང་། ཀྲུང་ཉུང་མི་རིགས་ཀྱི་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞི། མཚོ་སྔོན་ཞིང་ཆེན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཀྱི་བྱ་བའི་གནས་ཚུལ་སོགས་བསྟན་པ་རེད།
《རིག་ལྡན་རྒྱ་མཚོའི་བརྩམས་སྒྲུང་ཕྱོགས་བསྒྲིགས》(ལུང་རིན་ཆེན་གྱིས་བསྒྱུར)།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10