ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-09-26
བོད་ཡིག་འཚོལ་བཤེར་མ་ལག་གསར་གཏོད་ལས་གཞིའི་མཉམ་འབྲེལ་སྡེ་ཁག་གི་ལག་
རྩལ་དཔྱད་ཞིབ་ཚོགས་འདུ་དེ་མཚོ་ལྷོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས།
མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་བོད་ཡིག་འཚོལ་བཤེར་མ་ལག་གསར་གཏོད་བྱ་བའི་འགོ་ཁྲིད་
ཚན་ཆུང་གི་ཚོགས་གཙོ་ཏུའུ་ཁྲིན་ཀྲུང་གིས་ཚོགས་འདུའི་སྟེང་ གཏམ་བཤད་གལ་ཆེན་གནང་།
ཟླ9བའི་ཚེས23ཉིན། བོད་ཡིག་འཚོལ་བཤེར་མ་ལག་གསར་གཏོད་ལས་གཞིའི་མཉམ་འབྲེལ་སྡེ་ཁག་གི་ལག་རྩལ་དཔྱད་ཞིབ་ཚོགས་འདུ་དེ་མཚོ་ལྷོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་ཤིང་། དེར་དཔྱད་ཞིབ་ཚོགས་འདུའི་ཆེད་མཁས་རུ་ཁག་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་བོད་ཡིག་འཚོལ་བཤེར་མ་ལག་གསར་གཏོད་བྱ་བའི་ འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ཏུའུ་ཁྲིན་ཀྲུང་། ཁུལ་བོད་ཡིག་འཚོལ་བཤེར་མ་ལག་གསར་གཏོད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་མི་སོ་སོ། མཉམ་འབྲེལ་སྡེ་ཁག་གི་འཐུས་ཚབ་པ་དང་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་ཡོངས་བཅས་གྲོས་ཚོགས་སུ་ཞུགས་ལ། སྔ་དྲོར་གཙོ་ཆེར་དཔྱད་ཞིབ་ལ་ཞུགས་པའི་སྡེ་ཁག་སོ་སོའི་ལག་རྩལ་འཆར་འགོད་ཀྱི་ ནང་དོན་ལ་གསན་པ་དང་། ཕྱི་དྲོར་དཔྱད་ཞིབ་ཚོགས་འདུའི་ཆེད་མཁས་རུ་ཁག་གིས་མཉམ་འབྲེལ་སྡེ་ཁག་སོ་སོའི་ཕྱོགས་བསྡུས་དངོས་ཤུགས་ལ་དབྱེ་ཞིབ་དང་དཔྱད་ཞིབ་ཀྱི་བསམ་འཆར་བཏོན།
མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་ཚེ་ལོ་ཡིས་གྲོས་ཚོགས་ལ་མདོ་འཛིན་མཛད།
དགེ་རྒན་ཆེན་མོ་ཀྲོའོ་ཤོའོ་པིན་ལགས་ཀྱིས་དཔྱད་ཞིབ་དུས་སྐབས་སུ་མདོ་འཛིན་མཛད་པ།
དཔྱད་ཞིབ་ཚོགས་འདུའི་ཆེད་མཁས་རུ་ཁག་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆ་འཕྲིན་བཅོས་སྒྲིག་ཆེད་མཁས་པ་ཀྲོའོ་ཤོའོ་པིན་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་ཆ་འཕྲིན་བཟོ་བཀོད་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པའམ་འབུམ་རམས་པ་ཝང་ཀྲིའུ་ཇོན། མཚོ་སྔོན་དགེ་ཐོན་སློབ་ཆེན་དར་མའི་སློབ་གསོ་སློབ་གླིང་གི་གླིང་གཙོ་གཞོན་པའམ་དགེ་རྒན་ཆེན་མོ། རབ་འབྱམས་པའི་ཁྲིད་སྟོན་དགེ་རྒན། བོད་ཡིག་ཆ་འཕྲིན་བཅོས་སྒྲིག་གི་ཆེད་མཁས་པ་བཀྲ་ལོ། མཚོ་སྔོན་དགེ་ཐོན་སློབ་ཆེན་རྩིས་འཁོར་སློབ་གླིང་གི་གླིང་གཙོ་གཞོན་པའམ་མཚོ་སྔོན་ཞིང་ཆེན་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཚེ་རིང་རྒྱལ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རིན་དང་འགྱུར་ཞུས་པ། སྤྱི་ཚོགས་སྐད་བརྡ་རིག་པའི་ཆེད་མཁས་པ་པདྨ་ལྷུན་གྲུབ་བཅས་ཀྱིས་གྲུབ་པ་ཡིན་ལ། ཀྲོའོ་ཤོའོ་པིན་གྱིས་ཆེད་མཁས་རུ་ཁག་གི་རུ་གཙོའི་འགན་ཁུར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10