ཀན་ལྷོའི་སྐབས་བདུན་པའི་གེ་སར་རྟ་རྒྱུག་འགྲན་སྡུར་ཟླ8པར་འགོ་རྩོམ་རྒྱུ་རེད།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-07-19

ཀན་ལྷོའི་སྐབས་བདུན་པའི་གེ་སར་རྟ་རྒྱུག་འགྲན་སྡུར་ཟླ8པར་འགོ་རྩོམ་རྒྱུ་རེད།
སྐབས་དྲུག་པའི་ཀན་ལྷོའི་གེ་སར་རྟ་རྒྱུག་འགྲན་སྡུར།

  རྒྱུས་ལོན་བྱུང་བ་ལྟར་ན། སྐབས་བདུན་པའི་ཀན་ལྷོའི་གེ་སར་རྟ་རྒྱུག་འགྲན་སྡུར་དེ་ཟླ8པའི་ཚེས13ཉིན་ནས་ཚེས15བར་དུ་སྤེལ་རྒྱུ་ཡིན་ཞིང་། ཐེངས་འདིའི་འགྲན་སྡུར་ལ་མགྱོགས་ཚད་འགྲན་སྡུར(སྨི2000)དང་རིང་རྒྱུག་འགྲན་སྡུར(སྨི5000དང་སྨི10000)གཉིས་སུ་བཀར་འདུག་ལ། བྱ་དགའི་འགྲན་སྡུར་གྱི་རྣམ་གྲངས་རེ་རེའི་གཟེངས་ཐོན་གྱི་འགྲན་ཞུགས་མཁན་དགུ་ལ་བྱ་དགའ་ཡོད་པ་སྟེ། སྨི2000ཀྱི་མགྱོགས་ཚད་འགྲན་སྡུར་ཀྱི་སྔོན་མའི་འགྲན་ཞུགས་པ་དྲུག་པོར་རིམ་པ་བཞིན་བྱ་དགའ་སྒོར30000དང་སྒོར20000། སྒོར15000། སྒོར10000། སྒོར8000། སྒོར5000བཅས་གནང་རྒྱུ་ཡིན་པར་མ་ཟད། ཨང་དང་པོ་ནས་གསུམ་པར་རྨ་ཁུགས་རྟ་མཆོག་བུམ་པ་ཞེས་པའི་གསེར་རྟའི་བྱ་དགའ་དང་དངུལ་རྟའི་བྱ་དགའ། ཟངས་རྟའི་བྱ་དགའ་བཅས་གནང་པ་དང་། ཨང་བཞི་པ་ནས་དགུ་པའི་བར་རྨ་ཁུགས་རྟ་མཆོག་བུམ་པའི་དྲན་རྟེན་བྱ་དགའ་གནང་རྒྱུ་རེད། 
  སྨི5000ཡི་རིང་རྒྱུག་འགྲན་སྡུར་གྱི་གཟེངས་ཐོན་འགྲན་ཞུགས་པ་མི་བརྒྱད་ལ་རིམ་པ་བཞིན་བྱ་དགའ་སྒོར100000དང་། སྒོར50000། སྒོར40000། སྒོར30000། སྒོར20000། སྒོར15000། སྒོར10000། སྒོར5000བཅས་གནང་རྒྱུ་ཡིན་པར་མ་ཟད། ཨང་དང་པོ་ནས་གསུམ་པར་རྨ་ཁུགས་རྟ་མཆོག་བུམ་པ་ཞེས་པའི་གསེར་རྟའི་བྱ་དགའ་དང་དངུལ་རྟའི་བྱ་དགའ། ཟངས་རྟའི་བྱ་དགའ་བཅས་གནང་པ་དང་། ཨང་བཞི་པ་ནས་དགུ་པའི་བར་རྨ་ཁུགས་རྟ་མཆོག་བུམ་པའི་དྲན་རྟེན་བྱ་དགའ་གནང་རྒྱུ་རེད། 
  སྨི10000ཡི་རིང་རྒྱུག་འགྲན་སྡུར་གྱི་གཟེངས་ཐོན་འགྲན་ཞུགས་པ་མི་དགུ་ལ་རིམ་པ་བཞིན་བྱ་དགའ་སྒོར200000དང་། སྒོར80000། སྒོར50000། སྒོར40000། སྒོར30000། སྒོར20000། སྒོར15000། སྒོར10000བཅས་གནང་རྒྱུ་ཡིན་པར་མ་ཟད། ཨང་དང་པོ་ནས་གསུམ་པར་རྨ་ཁུགས་རྟ་མཆོག་བུམ་པ་ཞེས་པའི་གསེར་རྟའི་བྱ་དགའ་དང་དངུལ་རྟའི་བྱ་དགའ། ཟངས་རྟའི་བྱ་དགའ་བཅས་གནང་པ་དང་། ཨང་བཞི་པ་ནས་དགུ་པའི་བར་རྨ་ཁུགས་རྟ་མཆོག་བུམ་པའི་དྲན་རྟེན་བྱ་དགའ་གནང་རྒྱུ་རེད།

  • ལེ་ཚན་སྔོན་མ།:སློབ་རའི་གློག་བརྙན༼ རྫི་གླུ་སྨུག་པོ ༽ཕབ་སྐྲུན་སྒྲིག་སྦྱོར་བྱ་བ་ཡོངས་སུ་རྫོགས།
  • ལེ་ཚན་རྗེས་མ།:༼ མདོ་ཁམས་ཡུལ་གྱི་བོད་ཀྱི་གནའ་དཔེ་ཕྱོགས་བསྡུས ༽ངོ་སྤྲོད་བྱས།
  • དོ་སྣང་ཆེ་བའི་རྩོམ།