ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ལུས་རྩལ་ནས་འབྱོར་བའི་གཏམ་གསར། ནོར་སྲིད་པུའུ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཆོག་མཆན་གནང་བར་བརྒྱུད། རང་རྒྱལ་གྱིས་ཐོག་མའི་རྨ་འབྲི་རྫ་གསུམ་གྱིས་བརྗོད་བྱ་གཙོ་བོ་བྱས་པའི་རྒྱ་བོད་ཤན་སྦྱར་གྱི་ལུས་རྩལ་རྒྱན་འཛིན་དེ་ཟླ་བ6པའི་ཚེས22ཉིན་མཚོ་སྔོན་དུ་འགྲེམ་སྤེལ་བྱས་པ་རེད།རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་གཙོ་ཐིག་བྱས་ཏེ། མཚོ་སྔོན་གྱི་མཛེས་ལྗོངས་དང་རི་སྐྱེས་སྲོག་ཆགས། རྩི་ཤིང་། མི་རིགས་ཡུལ་སྲོལ་སོགས་ཀྱི་འབྱུང་རྒྱུ་དང་མཉམ་བསྲེས་བྱས། གཅིག་བསྡུས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་ཁྱད་ཆོས་ལྡན་པའི་ཡིད་འཕྲོག་ཤུགས་མངོན། དེ་ནི་“མཚོ་སྔོན་གྱི་མཛེས་ལྗོངས”དང“མཚོ་སྔོན་གྱི་ཡུལ་སྲོལ་གོམས་འདྲིས”།“མཚོ་སྔོན་པོ་ལ་སྐོར་བ”སོགས་ཀྱི་རྒྱན་འཛིན་ཚོ་གཅིག་འགྲེམ་སྤེལ་བྱས་རྗེས། ཡང་དུ་མཚོ་སྔོན་པོར་སྐོར་བའི་འགྲན་བསྡུར་ཁག་གི་རྒྱན་འཛིན་ཞིག་ཡིན་པ་རེད།