ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-06-28
《འཐབ་ཇུས་མཉམ་ལས་གཞི་སྒྲོམ་གྱི་གྲོས་མཐུན་ཡིག་ཆ》མིང་འགོད་
མཛད་སྒོ།(པར་རིས་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)
ཟླ6པའི་ཚེས21ཉིན། བོད་ལྗོངས་སློབ་ཆེན་དང་ཀྲུང་གོའི་གློག་འཕྲིན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཀུང་ཟིའི《འཐབ་ཇུས་མཉམ་ལས་གཞི་སྒྲོམ་གྱི་གྲོས་མཐུན་ཡིག་ཆ》མིང་འགོད་མཛད་སྒོ་བསྡུས་ཤིང་། ཕྱོགས་གཉིས་ཀས་མཉམ་སྐྲུན་བྱེད་པའི“བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་གློག་འཕྲིན་གྱི་གྲངས་ཀའི་སྨྱན་གཟུགས་ལག་རྩལ་དང་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས”ཀྱི་སྒོ་བྱང་དངོས་སུ་བཀལ་བ་རེད།
བོད་ལྗོངས་སློབ་ཆེན་གྱི་སློབ་གཙོས་གསུང་རྒྱུར། བོད་ལྗོངས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་གཞིས་ཆེན་པོའི་གྲས་ཤིག་ཡིན་ཞིང་། དེར་མཚར་སྡུག་ལྡན་པའི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས་མངའ་ལ། ད་ལྟ་ཆ་འཕྲིན་ཅན་གྱི་དུས་རབས་སུ་སླེབས་ཡོད། ཤེས་བྱ་གསར་བ་དང་ལག་རྩལ་གསར་བ་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་དང་འབྱུང་གིན་ཡོད་ཅིང་། ང་ཚོས་འཕྲིན་སྦྲེལ་དྲ་བའི་ལག་རྩལ་སྤྱད་དེ་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ལེགས་པོར་གཏོང་དགོས་པ་ཡིན།
བོད་ལྗོངས་གློག་འཕྲིན་གྲངས་ཀིའི་སྨྱན་གཟུགས་ལག་རྩལ་དང་བཟོ་སྐྲུན་ཞིབ་འཇུག་ལྟེ་
གནས་བཙུགས་པ།(པར་རིས་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)
ཀྲུང་གོའི་གློག་འཕྲིན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཀུང་ཟི་དང་བོད་ལྗོངས་སློབ་ཆེན་གཉིས་ཀྱིས《འཐབ་ཇུས་མཉམ་ལས་གཞི་སྒྲོམ་གྱི་གྲོས་མཐུན་ཡིག་ཆ》འགོད་པའི་དམིགས་ཡུལ་ནི་ཆ་འཕྲིན་ལག་རྩལ་ཞེས་པའི་དེང་རབས་ཀྱི་ལག་རྩལ་ཐབས་ལམ་འདི་སྤྱད་དེ་ཕན་ལྡན་སྒོས་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས། དེ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེ་ཡིན་ཞེས་ཀྲུང་གོའི་གློག་འཕྲིན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཀུང་ཟིའི་སྤྱི་ཁྱབ་ལས་འཛིན་པ་ལི་ཞོའོ་ཧྭས་གསུང་།
《འཐབ་ཇུས་མཉམ་ལས་གཞི་སྒྲོམ་གྱི་གྲོས་མཐུན་ཡིག་ཆ》འདིའི་གཅིག་མཐུན་གྱི་ལྟ་བ་ལྟར། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་གློག་འཕྲིན་གྱི་གྲངས་ཀའི་སྨྱན་གཟུགས་ལག་རྩལ་དང་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས”ཀྱི་གནས་ཐིག་ནི་མཐུན་སྦྲེལ་དྲ་བར་ཕྱོགས་པའི་བོད་ཀྱི་རིག་གནས་ཐོན་ལས་སྔོག་འདོན་དང་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན། “དཀྱིལ་སྙིང”ནིབོད་ལྗོངས་སློབ་ཆེན་གྱི་ལག་རྩལ་ནུས་ཤུགས་ལས་བོད་ཀྱི་རིག་གནས་ཐོན་ལས་ལག་རྩལ་སྔོག་འདོན་དང་། ཀྲུང་གོའི་གློག་འཕྲིན་མཐུན་ཚོགས་ཀུང་ཟིའི་ཡན་ལག་ཀུང་ཟིའི་ཁྲོམ་རར་བརྒྱུད་དེ་སྟེགས་བུ་ཆེར་བསྐྱེད་ཅིང་ཐོན་རྫས་ཁྱབ་གདལ་དུ་བཏང་ཐོག “ཐོན་ལས་དང་། སློབ་གསོ། ཚན་ཞིབ”བཅས་གཞི་གཅིག་ཏུ་གྲུབ་པའི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་མངོན་འགྱུར་བྱ་རྒྱུ་དེ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10