རྒྱལ་ཡོངས་ཀྱི་དགུན་གྲོ་བཅུ་ཆའི་དྲུག་ཙམ་བསྡུས་ཟིན་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-06-19

ཞིང་ལས་པུས་ཟུར་གསལ་བྱས་པར་གཞིགས་ན། སྤྱི་ཟླ6པའི་ཚེས11ཉིན་ནས་ཚེས17ཉིན་བར་ལ་རྒྱལ་ཡོངས་སུ་དགུན་གྲོ་མུའུ་དུང་ཕྱུར2.1བརྔ་བསྡུ་བྱས་ཡོད་པ་དང་དགུན་གྲོ་བསྡུ་ཚད་བཅུ་ཆ་དྲུག་ལ་ཉེ་བ་ཟིན་ཡོད་པ་རེད་། སྤྱི་ཟླ6པའི་ཚེས11ཉིན་དེ་རང་ལ་བརྔ་བསྡུའི་འཕྲུལ་ཆས126000བེད་སྤྱོད་བྱེད་འགོ་འཛུགས་པ་དང་ཉིན་རེར་འཕྲུལ་ཆས་ཀྱིས་དགུན་གྲོ་མུའུ་ས་ཡ4.86ཁྲི་བསྡུ་ཐུབ་ཀྱི་ཡོད་པ་དང་། བསྟུད་མར་དགུན་གྲོ་འཕྲུལ་འཁོར་གྱིས་བསྡུ་བའི་རྒྱ་ཁྱོན་མུའུ་དུང་ཕྱུར1.8ཟིན་གྱི་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན་། མིག་སྔར་ཨན་ཧུའེ་གྲོང་ཁྱེར་གྱིས་དགུན་གྲོ་བསྡུ་བའི་ལས་ཀ་གཞི་རྩའི་ཆ་ནས་མཇུག་འགྲིལ་བ་དང་། ཧེ་ནན་ཡང་ལས་མཇུག་འགྲིལ་བའི་དུས་ལ་སླེབས་ཡོད་པ་རེད་། ཧྲའན་ཞི་ཞིང་ཆེན་གྱིས་བཅུ་ཆའི་བརྒྱད་ཙམ་ལེགས་སྒྲུབ་ཟིན་ཡོད་པ་དང་། ཧྲན་ཤི་ཞིང་ཆེན་གྱི་འཕེལ་རིམ་ཕྱེད་ཀ་ཡན་ལེགས་སྒྲུབ་ཟིན་པ་། ཧྲན་ཏུང་ཞིང་ཆེན་བཅུ་ཆའི་གཉིས་ལེགས་སྒྲུབ་ཟིན་པ་། ཧོ་པེ་ཞིང་ཆེན་གྱིས་ལས་འགོ་འཛུགས་ཟིན་ཡོད་པ་རེད་། སྤྱི་ཟླ6པའི་ཚེས7ཉིན་ནས་ཚེས11ཉིན་བར་འབྲི་ཆུ་དང་ཧྭའེ་ཧེ་ཆུ་བོ་དང་དམའ་ཆུ་དང་ཧྭའེ་ཧེའི་ཆུ་བོའི་ས་ཁུལ་དུ་ཆར་ཆུ་གཞི་ཁྱོན་ཆེན་པོ་བབས་པའི་རྐྱེན་གྱིས་བྱང་ཕྱོགས་དགུན་གྲོའི་ཁུལ་གྱི་དགུན་གྲོ་བསྡུ་བའི་འཕེལ་རིམ་མངོན་གསལ་གྱི་འགོར་དུ་ཕྱིན་ཡོད་པ་རེད།

ཞིང་ལས་པུས་འབྲེལ་ཡོད་ས་ཁུལ་ཁག་གི་ཞིང་འཕྲུལ་སྡེ་ཁག་གིས་ཕྱིན་ཆད་གཟའ་འཁོར་གཅིག་རིང་ལི་གནམ་གཤིས་བཟང་པའི་གོ་སྐབས་དམ་བཟུང་གིས་ནུས་ཤུགས་ཡོད་རྒུས་སྤྱི་ཟླ5པའི་ཟླ་མཇུག་ནས་སྤྱི་ཟླ6པའི་ཟླ་དཀྱིལ་བར་གྱི་དགུན་གྲོ་བསྡུ་འབྲེལ་ཆེ་ཤོས་དང་དབྱར་ཁའི་ཨ་ཤོམ་གྱི་འདེབས་འཛུགས་ཀྱི་ལས་དོན་ཧུར་ཐག་སྒྲུབ་ནས་ཞིང་ལས་དུས་བཟང་ཆུད་ཟོས་མི་འགྲོ་བ་བྱ་དགོས་པའི་རེ་བ་བཏོན་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:ལས་རིགས་སློབ་གླིང་གི་མི་རིགས་རིག་གནས་རྒྱུད་འཛིན་དང་གསར་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆ
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པོ་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན
  • དོ་སྣང་ཆེ་བའི་རྩོམ།