ཀྲང་ཏི་ཅང་ཧེ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-03-13

ཀྲང་ཏི་ཅང་ཧེ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

  སྤྱི་ཟླ3པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཏི་ཅང་ཧེ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ3པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཏི་ཅང་ཧེ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཚོགས་ཐོག་ནས་འཐུས་མི་རྣམས་ཀྱིས་ཞིང་ཆེན་རང་གི་གནས་ཚུལ་དང་འབྲེལ་ཏེ་གཏམ་བཤད། ཀྲང་ཏི་ཅང་གིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་གསལ་བོར་ཤེས་པར་བྱེད་པ་དང་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་དགོས་ལ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཆགས་པར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ནས། མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་ཡོང་བའི་དེང་རབས་ཅན་གྱི་འཛུགས་སྐྲུན་ཐད་ནས་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།  །

  • ལེ་ཚན་སྔོན་མ།:མཚོ་སྔོན་མི་རིགས་སློབ་ཆེན་དུ་དམའ་མཐོ་འབྲིང་གི་བོད་ཡིག་དགེ་རྒན་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
  • ལེ་ཚན་རྗེས་མ།:ཡུས་ཀྲེང་ཧྲེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།