ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-01-25
སྤྱི་ཟླ1པོའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གསུངས་བཤད་གལ་ཆེན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས22ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གསུངས་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་བཀོད་སྒྲིག་ལྟར། ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་། ཆད་གཅོད་ སྔོན་འགོག་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་རུལ་སུངས་འགོག་བཅོས་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆཱང་དང་ཀྲང་ཏི་ཅང་། ཡོས་ཀྲིན་ཧྲིན། ལིག་ཡོན་ཧྲན། ཀྲང་ཀོ་ལེ་བཅས་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཚོགས་ཐོག་ཏུ་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། བློ་མཐུན་ཏིན་ཞོ་ཕེན་སྲོག་ཤིང་ཡིན་པའི་ཏང་གི་རབས་གཉིས་པའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་དང་བློ་མཐུན་ཅང་ཙེ་མེན་སྲོག་ཤིང་ཡིན་པའི་ཏང་གི་རབས་གསུམ་པའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་། བློ་མཐུན་ཧུའུ་ཅིན་ཐོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་དང་རྣམ་པ་ཀུན་ཏུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་ལས་འགན་གལ་ཆེན་ཏུ་བརྩིས་ནས་དམ་འཛིན་བྱས་པ་དང་། ལངས་ཕྱོགས་གསལ་བོ་ཡིན་ཞིང་བྱེད་ཐབས་གནད་ལ་འཁེལ་བ་དང་གྲུབ་འབྲས་མངོན་གསལ་ལྡན་པས། ཏང་གི་སྔོན་ཐོན་རང་བཞིན་དང་སྤྱོད་གཙང་རང་བཞིན་སྲུང་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ནུས་པ་ཆེན་པོ་བཏོན་པར་མ་ཟད། ང་ཚོ་ཏང་གིས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་མགོ་ཁྲིད་བྱེད་པར་སྟོབས་དང་ལྡན་པའི་ཁག་ཐེག་འདོན་སྤྲོད་བྱས་ཟེར།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བློ་བརྟན་འགྱུར་མེད་སྒོས་རུལ་སུངས་ལ་ཆད་པ་གཅོད་པ་དང་འགོག་བཅོས་བྱེད་རྒྱུ་ནི་ང་ཚོ་ཏང་ལ་སྟོབས་ཤུགས་ཡོད་པའི་མཚོན་རྟགས་ཡིན་ལ། ཏང་ཡོངས་ཀྱི་བློ་མཐུན་དང་རྒྱ་ཆེའི་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡང་ཡིན། ང་ཚོ་ཏང་གིས་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ཚབས་ཆེན་བཟོས་པར་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱེད་པ་དང་། ང་ཚོས་བཤད་ཟིན་པའི་མི་སུ་ཡིན་པ་དང་དེའི་གོ་གནས་ག་འདྲ་མཐོ་རུང་ཏང་གི་སྒྲིག་ལམ་དང་རྒྱལ་ཁྲིམས་དང་འགལ་ཚེ། རྩད་གཅོད་དང་ཐག་གཅོད་ནན་མོ་བྱེད་རྒྱུ་ནི་སྟོང་བཤད་ཙམ་གཏན་ནས་མིན། ཏང་གི་སྒྲིག་ལམ་དང་རྒྱལ་ཁྲིམས་རྒྱུན་འཁྱོངས་བྱེད་པའི་མདུན་དུ་དམིགས་བསལ་རང་བཞིན་མེད་ལ། མི་སུ་ཞིག་ལ་འབྲེལ་བ་ཡོད་ཚེ་དེ་ལ་རྩད་གཅོད་དང་ཞིབ་བཤེར་ནན་མོ་བྱེད་པ་ལས་ཀུ་ཡངས་སུ་གཏན་ནས་མི་གཏོང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་མི་སུ་ཡིན་ཡང་བཅའ་ཁྲིམས་ལས་གཞན་པའི་དབང་ཆ་མེད་པ་དང་། མི་སུ་ཞིག་ཡིན་རུང་དབང་ཆ་ལག་བསྟར་བྱེད་སྐབས་ངེས་པར་དུ་མི་དམངས་ལ་ཞབས་ཕྱི་བསྒྲུབ་པ་དང་མི་དམངས་ལ་འགན་ཁུར་དགོས་པར་མ་ཟད། རང་རྟོགས་སྒོས་མི་དམངས་ཀྱི་ལྟ་རྟོག་དང་ལེན་བྱེད་རྒྱུ་གསལ་བོར་ཤེས་དགོས་ཟེར།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་དམ་འཛིན་བྱེད་སྐབས་ངེས་པར་དུ་ཏང་ཡོངས་ཀྱིས་དེའི་ཐད་ལ་འབད་བརྩོན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་པའི་འགན་ཁུར་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མགོ་ཁྲིད་སྒྲིག་སྲོལ་དང་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ། ཁྲིམས་འཛིན། རྩིས་བཤེར་སོགས་ལས་ཁུངས་དང་སྡེ་ཁག་གི་འགན་ནུས་འདོན་སྤེལ་བཟང་བོ་བྱས་ནས། མཉམ་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བྱ་བ་བསྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་ལ། ལྷག་པར་དུ་ཏང་གཤིས་རྒྱུན་འཁྱོངས་བྱེད་པ་དང་སྤོབས་པ་ཆེར་བསྐྱེད་སྒོས་རྩ་དོན་རྒྱུན་འཁྱོངས་བྱེད་པའི་བློ་མཐུན་དེ་དག་སྲུང་སྐྱོབ་བྱས་ནས། ཁོ་ཚོས་བྱ་བ་བསྒྲུབ་པར་ཆ་རྐྱེན་སྐྲུན་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་སྣོན་པ་དང་། འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་པར་མ་ཟད། ལྟ་རྟོག་ཞིབ་བཤེར་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།
ཝང་ཆི་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་ལས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་གཏོང་བའི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་རང་རྟོགས་སྒོས་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོབ་བྱེད་དགོས་ལ། གཏན་ཁེལ་བརྒྱད་ཀྱི་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་། སྤྱོད་ཚུལ་ལེགས་སྒྱུར་བྱ་བ་དམ་འཛིན་བྱེད་པ། ཁྲིམས་ལྟར་རུལ་སུངས་ཆད་པ་ནན་མོ་གཅོད་དགོས་པར་མ་ཟད་ཆད་གཅོད་དང་འགོག་བཅོས་མ་ལག་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས་ལ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དཔེ་སྟོན་གྱི་ནུས་པ་འདོན་དགོས་ཞེས་ནན་གྱིས་བསྟན་ཡོད་པས། ང་ཚོས་དེ་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་བློ་ཐག་རྦད་ཆོད་སྒོས་ལག་བསྟར་དང་དངོས་འབེབས་བྱེད་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10