སྐབས་གཉིས་པའི་ཧེ་ཙིའི་སྙན་ངག་དུས་ཆེན་གྱི་བྱ་དགའ་སྟེར་བའི་མཛད་སྒོ་བསྡུས་པ།

དོན་གྲུབ་ཚེ་རིང་། བོང་སྟག་རི་ལུ།        2014-07-31

ཉེ་ཆར། མཚོ་ནུབ་ཁུལ་མགྲོན་ཁང་དུ་ཕྱོགས་ཡོངས་ཀྱི་སྐུ་མགྲོན་མང་པོས་ཁེངས་ཡོད་ལ། 2014ལོའི་གསེར་མདོག་གི་གཏེར་ལེན་ཁ་ནས་སྤེལ་བའི་ཧེ་ཙིའི་སྙན་ངག་གྱེར་འདོན་དང་རྒྱལ་ཡོངས་ཀྱི་ཧེ་ཙིའི་སྙན་ངག་དུས་ཆེན་གྱི་བྱ་དགའ་སྟེར་བའི་མཛད་སྒོ་གནས་འདི་ནས་བསྡུས།
     ཀྲུང་གུང་མཚོ་སྔོན་ཞིང་ཆེན་གྱི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏེ་མ་ཅཱ་དང་། མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཉིག་བཅོན། མཚོ་ནུབ་ཁུལ་དཔོན་གཞོན་པ་བཱང་ཅེན་ཀྲེ་སོགས་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས། སྙན་ངག་པ་ཧེ་ཙིའི་ཁྱིམ་མི་དང་། རྒྱལ་ནང་གི་སྙན་ངག་དུས་དེབ་གཙོ་གྲས་སྐོར་ཞིག་གི་གཙོ་སྒྲིག་པ་དང་། གཙོ་སྒྲིག་གཞོན་པ། དྲ་བ་དང་གསར་འགྱུར་སྨྱན་བྱད་ཀྱི་མགོ་འཛིན་པ། རྩོམ་སྒྲིག་པ། མཐོ་རིམ་སློབ་གླིང་གི་ཆེད་མཁས་པ། སློབ་དཔོན་ཆེན་མོ། རྒྱལ་ནང་གི་མིང་དུ་གྲགས་པའི་སྙན་ངག་པ་དང་། རྩོམ་རིག་དཔྱད་བརྗོད་པ། སྙན་ངག་གྱེར་འདོན་པ་སོགས་སྙན་ངག་ལ་དགའ་བའི་མི་སྣ་སྐོར་ཞིག་དགའ་རྟགས་སྟེར་བའི་མཛད་སྒོར་ཞུགས།
     རྒྱལ་ཡོངས་ཀྱི་ཧེ་ཙིའི་སྙན་ངག་བྱ་དགའི་སྙན་ངག་དག2014ལོའི་སྤྱི་ཟླ་5པ་ནས་བཟུང་སྤེལ་མགོ་བརྩམས་པ་དང་། རྒྱལ་ཡོངས་ཀྱི་སྙན་ངག་པ་དང་སྙན་ངག་ལ་དགའ་མཁན་རྣམས་ཧུར་བརྩོན་གྱིས་ཞུགས་ཤིང་། སྤྱིའི་འགྲན་རྩོམ་རྩོམ་ཡིག600དང་སྙན་ངག3000ལྷག་འབྱོར་ལ། དེ་ལས་རྒྱལ་ཡོངས་ཀྱི་མིང་དུ་གྲགས་པའི་སྙན་ངག་པ་དང་དཔྱད་བརྗོད་པ་ཡིས་གྲུབ་པའི་དཔྱད་འདེམས་ཚོགས་པ་ཡིས་ཞིབ་ཚེགས་དང་ནན་ཏན་གྱི་སྒོ་ནས་དྲང་བོ་དྲང་བཞག་གིས་དཔྱད་འདེམས་བྱས་པ་བརྒྱུད་ཐེངས་འདིའི་ཧེ་ཙིའི་སྙན་ངག་བྱ་དགའ་ལ་མི་ལྔ་ཡི་བརྩམས་ཆོས་འདེམས་ཐོན་བྱུང་། དཔང་ལེས་ཧེ་ཡི《དཔང་ལེས་ཧེ་ཡི་སྙན་ངག》དང་། ཚོ་ཡུག་ཡོང་གི་སྙན་ངག《གློག་ཞགས》ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བཅོན་མེན་ཀི《དཀར་ཟས་རིང་ལུགས་པ་ཞིག་གི་ཕྱི་དྲོ》དང་བཱང་སྤུའུ་ཀང་གི་བྱ་དགའ་ཨང་གཉིས་པ་ཐོབ་ཅིང་། ལིས་ཁྲིན་ཨིན་གྱི《རྨི་ལམ་ནས་གཏེར་ལེན་ཁ་དང་ཡང་བསྐྱར་མཇལ་བ》ལ་བྱ་དགའ་ཨང་གསུམ་པ་ཐོབ།
     མཛད་སྒོའི་སྟེང་། ད་དུང་ཐེངས་འདིའི་ཧེ་ཙིའི་སྙན་ངག་དུས་ཆེན་གྱི་སྙན་ངག་གྱེར་འདོན་ལས་བྱ་དགའ་ཐོབ་མཁན་རྣམས་ལ་དགའ་རྟགས་བྱིན།
  • ལེ་ཚན་སྔོན་མ།:བདེ་ཆེན་རྫོང་གིས་གཏེར་ཁ་གསར་སྤེལ་བྱེད་པར་སྐྱེ་ཁམས་སྲུང་སྐྱོང་ལ་དོ་སྣང་བྱེད་པ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་ཞིང་ཆེན31ཡོངས་ལ་ཞིབ་བཤེར་ཐུབ་པ་བྱ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།