ས་ཆུ་སྲུང་འཛིན་བྱས་ནས་རི་སྔོ་ཆུ་དྭངས་ལ་གྱུར།

        2014-07-30

 ཉིང་ཞ་ནི་རྨ་ཆུ་སྟོད་རྒྱུད་ཀྱི་སྨད་ཕྱོགས་སུ་ཆགས་ཡོད་ཅིང་།དུས་ཡུན་རིང་པོའི་ནང་ས་ཆུ་ཤོར་བ་དང་ས་ནག་བྱེ་འགྱུར་ནི་ཉིང་ཞའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་གནད་དོན་ཆེས་ཆེ་བ་དེ་ཡིན་ལ།ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་གཏོང་བར་ཚོད་འཛིན་ཐེབས་པའི་བཀག་རྡོ་ལའང་གྱུར་ཡོད།
    ཉེ་བའི་ལོ་ཤས་རིང་ས་ཆུ་ཤོར་བའི་གནས་ཚུལ་ཚབས་ཆེན་ཡིན་པར་དམིགས་ནས་ཉིང་ཞས་ལྗོངས་ཡོངས་སུ་རྒྱུན་མཐུད་ནས་གཞི་ཁྱོན་ཆུང་བའི་འབབ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་དང་བྱེ་བསགས་ཆུ་རགས་འཛུགས་སྐྲུན།སྐས་ཞིང་བཟོ་བཅོས་སོགས་ཀྱི་བཅོས་སྐྱོང་རྣམ་གྲངས་ལག་བསྟར་བྱས་པ་རེད།ལོ་ལྔའི་འཆར་གཞི་བཅུ་གཅིག་པ་ནས་བཟུང་དེའི་ཐད་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར7.61བཏང་བ་རེད།
    2013ལོའི་ལོ་མཇུག་གི་བར་དུ་སླེབས་སྐབས།ལྗོངས་ཡོངས་སུ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པའི་གཞི་ཁྱོན་ཆུང་བའི་འབབ་རྒྱུད460ཡོད་པ་དང་ས་ཆུ་ཤོར་བའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི1.7བཅོས་སྐྱོང་བྱས་པར་བརྟེན།ས་ཆུ་བཅོས་སྐྱོང་བྱེད་ཚད་གཞི་རྩའི་ཐོག་བརྒྱ་ཆ46ལ་ཟིན་པ་རེད།
  • ལེ་ཚན་སྔོན་མ།:ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་བོད་རྒྱ་སྐད་གཉིས་དངུལ་ལེན་འཕྲུལ་ཆས་དངོས་སུ་བཀོལ་བ།
  • ལེ་ཚན་རྗེས་མ།:རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་མཐུན་སྦྱོར་ཡོང་བའི་གླེང་སྟེགས་སྐབས་དང་པོ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།