ཞི་ཅིན་ཕེན་སོགས་ཀྱིས་བློ་མཐུན་མའོ་ཙེ་ཏུང་གི་སྐུ་གདུང་ལ་མཇལ་བ།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-12-27
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ12པའི་ཚེས26ཉིན་ནི་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ཏེ་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པའི་དྲན་གསོ་ཉིན་མོ་རེད། ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་མའོ་ཀྲུའུ་ཞིའི་དྲན་གསོ་ཁང་དུ་ཕེབས་ཏེ། བློ་མཐུན་མའོ་ཙེ་ཏུང་གི་སྐུ་འདྲ་ལ་གུས་པ་ལན་གསུམ་མཛད་དང་མཉམ་དུ། ཞི་ཅིན་ཕེན་སོགས་ཀྱིས་བློ་མཐུན་མའོ་ཙེ་ཏུང་གི་སྐུ་གདུང་ལ་མཇལ་ཏེ། བློ་མཐུན་མའོ་ཙེ་ཏུང་གི་རླབས་ཆེན་མཛད་རྗེས་ལ་རྗེས་དྲན་མཛད། །