ཞིན་ཧྭ་གསར་འགྱུར་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྐོར་གྱི་རྩོམ་ཡིག་སྤེལ་བ།

ཚེ་འཛིན་དབང་མོ།        2012-11-16

ཞིན་ཧྭ་གསར་འགྱུར་ཁང་གིས་སྤྱི་ཟླ་11པའི་ཚེས་14ཉིན་འགོ་བརྗོད་དུ། མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་མ་འོངས་ཕྱོགས་སུ་མདུན་བསྐྱོད་བྱེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྐོར་གྱི་གནས་ཚུལ་ཞེས་པའི་རྩོམ་ཡིག་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ནང་། དེང་སྐབས་འཛམ་གླིང་དང་དེང་དུས་ཀྲུང་གོའི་གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་མོར་ཁྱོན་ཡོངས་ནས་ཞིབ་ལྟ་བྱས་ཚེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་མ་འོངས་གསར་གཏོད་དང་སྔར་སོང་རྒྱུན་འཛིན་གྱི་གལ་ཆེའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཡོད། ཚོགས་ཆེན་བཅོ་བརྒྱད་པའི་གནས་ཚུལ་གཏོང་སྤེལ་བྱེད་མཁན་ནང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་1700ལྷག་ཙམ་གྱིས་ཐོ་འགོད་བྱས་ཡོད་ཅིང་། ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གསར་པ་སྐྲུན་ཡོད་པ་དང་། ཁོང་ཚོས་ཕྱོགས་མི་འདྲ་བའི་ཐད་ནས་ལོ་རྒྱུས་ཀྱི་འགྱུར་ལྡོག་དེར་ཞིབ་ལྟ་བྱས་ཡོད་པ་རེད།

ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་། སྤྱི་ལོ་2020ལོར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་སྤྱི་ལོ་2010ལོ་ལས་ལྡབ་གཉིས་འཕར་ཡོད་ཅེས་བཏོན་ཡོད། ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི། རྒྱལ་ཁབ་གློག་གི་དྲ་བའི་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་ཁྱབ་ཀུང་སའི་ཝང་ཧྲུ་ཞང་གིས། གཅིག་ནི་དཔལ་འབྱོར་སྤྱི་འབོར་གྱི་དམིགས་ཚད་ཡིན་པ་དང་། གཞན་ཞིག་ནི་དམངས་ཀྱི་འཚོ་བའི་དམིགས་ཚད་ཡིན། དེ་གཉིས་ཀ་ལྡབ་གཉིས་འཕར་བ་དེའི་ཐོག་ནས་གོང་འཕེལ་གྱི་གྲུབ་འབྲས་ཀྱིས་མི་དམངས་ལ་དེ་བས་མང་བ་དང་དེ་བས་འདྲ་མཉམ་གྱི་ཕན་བདེ་སྐྲུན་པའི་འདུ་ཤེས་གང་ལེགས་ཀྱིས་མངོན་ཡོད་ཅེས་བཏོན་ཡོད་པ་རེད།

རྩོམ་ཡིག་ནང་། ལོ་ངོ་བརྒྱའི་འཚོལ་ཞིབ་ལས་འཕྲོད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་འཚོལ་ཞིབ་བྱེད་པའི་ཁྲོད་ཀྱི་འབད་འཐབ། བསྒྱུར་བཅོས་སྒོ་དབྱེའི་རླབས་ཆེའི་ལག་ལེན་དངོས་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆའི་སྟེང་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་དུས་རབས་ཀྱི་བློ་སྒོ་འབྱེད་པ་དེ་བྲིས་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་རྒྱུ་དང་། གཅིག་ནས་སྒོ་བཀག་རེངས་པོའི་ལམ་བུ་རྙིང་པའི་ཐོག་མི་སྐྱོད་པ་དང་། གཉིས་ནས་ངོ་བོ་བསྒྱུར་བའི་ལོག་ལམ་ཐོག་ཏུ་ཡང་བསྐྱོད་རྒྱུ་མ་རེད་ཅེས་བསྟན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་བརྗིད་ཉམས་ལྡན་པའི་བསྒྲགས་གཏམ་དེའི་ཐོག་ནས་དེང་དུས་ཀྲུང་གོ་གུང་ཁྲན་ཏང་མིའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མངོན་ཡོད་ཅེས་བཏོན་ཡོད་པ་དང་།

རྩོམ་ཡིག་ནང་། རང་རྒྱལ་གོང་འཕེལ་གྱི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཁོང་དུ་ཆུད་པ་བྱེད་པ་དང་། འགག་རྩའི་དུས་མཚམས་ཀྱི་གོང་འཕེལ་འཆར་གཞི་འཆར་འགོད་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་བྱེད་དགོས། ཚོགས་ཆེན་བཅུ་དྲུག་པའི་ཐོག་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་ཞེས་བཏོན་པ་ནས་ཚོགས་ཆེན་བཅོ་བརྒྱད་པར་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་པའི་བར། ཡིག་འབྲུ་རེ་གཉིས་ལས་འགྱུར་བ་བཏང་མེད་རུང་དེ་ནི་ངོ་བོའི་རང་བཞིན་གྱི་མཆོངས་བརྒལ་ཞིག་ཡིན་པ་དང་། མི་འབོར་དུང་ཕྱུར་བཅུ་གྲངས་ལ་ཕན་བདེ་སྐྲུན་པའི་དེ་བས་མཛེས་སྡུག་ལྡན་པའི་དུས་རབས་ཤིག་ལ་བསུ་བ་ཞུ་འགོ་རྩོམ་བཞིན་ཡོད་ཅེས་ནན་བཏོན་བྱས་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱ
  • ལེ་ཚན་རྗེས་མ།:ལྷ་ས་གྲོང་ཁྱེར་འོ་བརྒྱལ་ཐང་སྡེ་ཁུལ་གྱི་གྲོང་མི་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་མཇུག་སྒྲིལ་གསར་འགྱུར
  • དོ་སྣང་ཆེ་བའི་རྩོམ།