གློག་བརྙན《གཡང་མདའ》ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གསེར་ཇོའུ་བྱ་དགར་ཚུད།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2014-06-11

གློག་བརྙན《གཡང་མདའ》ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གསེར་ཇོའུ་བྱ་དགར་ཚུད།
གཟའ་འཁོར་སྔོན་མར་གསེར་ཇོའུ་བྱ་དགར་ཚུད་པའི་གློག་བརྙན11བསྒྲགས་རྗེས། ཟླ6པའི་ཚེས5ཉིན། ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་ཐེངས་གཉིས་པའི་གསེར་ཇོའུ་བྱ་དགར་ཚུད་པའི་གློག་བརྙན4ཁྱབ་བསྒྲགས་བྱས་ལ། བོད་རིགས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་བའི《གཡང་མདའ》ཞེས་པའི་གློག་བརྙན་ཡང་ཐེངས་འདིའི་གསེར་ཇོའུ་བྱ་དགར་ཚུད་པ་རེད།
      སྐབས་འདིའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གསེར་ཇོའུ་བྱ་དགའི་དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ནི་ཀྲུང་གོའི་སྐྱེས་མའི་གཙོ་འཁྲབ་པ་ཀུང་ལི་ཡིས་སྣེ་ཁྲིད་པའི་མི7གྱིས་གྲུབ་པ་ཡིན་ལ། དཔྱད་འདེམ་གྱི་མཇུག་འབྲས་ནི་ཟླ6པའི་ཚེས22ཉིན་གྱི་བྱ་དགའ་གནང་བའི་མཛད་སྒོའི་སྟེང་བསྒྲགས་རྒྱུ་རེད།

 

  • ལེ་ཚན་སྔོན་མ།:སྐབས་དང་པོའི་བོད་ཀྱི་གླུ་གཞས་ཀྱི་ཆེད་མཁས་གྲོས་ཞིབ་ཚོགས་འདུ་ཟི་ལིང་དུ་བསྡུ་རྒྱུ་རེད། 
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་ཞལ་འབག་སྒྱུ་རྩལ་དུས་ཆེན་པེ་ཅིང་དུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།