གཞིས་རྩེ་ས་ཁུལ་གྱིས་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས།

ཉི་མ་ཚེ་རིང་གིས་བསྒྱུར།    བོད་ལྗོངས་ཉིན་རེའི་ཚགས་པར།    2014-05-16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཟླ་5ཚེས་9ཉིན་གྱི་སྔ་དྲོ་གཞིས་རྩེ་ས་ཁུལ་གྱིས་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་པ་རེད།
    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།ཚོགས་འདུའི་ཐོག་སྔར་ནས་བཟུང་གཞིས་རྩེ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཐོག་མཐའ་བར་གསུམ་དུ་སློབ་གསོའི་ལས་དོན་དེ་གནས་བབ་གལ་ཆེན་དུ་བཞག་སྟེ་ཚན་སློབ་ལ་བརྟེན་ནས་ས་ཁུལ་དར་རྒྱས་དང་ཤེས་ལྡན་མི་སྣར་བརྟེན་ནས་ས་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས་ས་ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་།ལྗོངས་ཡོངས་ཀྱི་སློབ་གསོའི་བྱ་གཞག་ཁྲོད་ཕན་ནུས་གལ་ཆེན་ཐོན་ཁར་གཞིས་རྩེ་ས་ཁུལ་ཙམ་མ་ཟད།ཐ་ན་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་འགྱུར་མེད་སྟོབས་ལྡན་གྱི་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣའི་འགན་ལེན་བྱས་ཡོད་ཅེས་མཛུབ་སྟོན་བྱས་པ་རེད།
    ཚོགས་འདུའི་ཐོག་ས་ཁུལ་ཡོངས་ཀྱིས“སྔོན་ལ་འཕེལ་རྒྱས་གཏོང་བ་དང་། མི་སྣ་གསོ་སྐྱོང་བྱ་རྒྱུ་རྩ་བར་འཛིན་པ། སྒྱུར་བཅོས་གསར་གཏོད་བྱེད་པ། འདྲ་མཉམ་ཡོང་རྒྱུར་སྐུལ་འདེད་གཏོང་བ།སྤུས་ཚད་གོང་མཐོར་གཏོང་བ”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་གསར་གཏོད་དེ་སློབ་གསོ་འཕེལ་རྒྱས་ཀྱི་་སྒུལ་ཤུགས་གཙོ་བོར་བརྩི་བ་དང་།སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དེ་སློབ་གསོ་ཡར་རྒྱས་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་ལ་བརྩི་བ།ཚད་ལྡན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་སློབ་གསོའི་བྱ་གཞག་གི་འགྱུར་མེད་ཀྱི་ཁ་ཕྱོགས་སུ་བརྩི་བ།འོས་འགན་སློབ་གསོར་སྐུལ་སྤེལ་གཏོང་རྒྱུ་དེ་སློབ་གསོ་འཕེལ་རྒྱས་ཀྱི་གཞི་རྩའི་ཐབས་ཇུས་སུ་བརྩི་བ།ལས་རིགས་སློབ་གསོར་དམ་འཛིན་བྱ་རྒྱུ་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལམ་བུ་གལ་ཆེན་དུ་བརྩི་བ། སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་རྒྱུ་དེ་སློབ་གསོ་འཕེལ་རྒྱས་ཀྱི་ལྟེ་བའི་ལས་འགན་ལ་བརྩི་བ།དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་སློབ་གསོ་འཕེལ་རྒྱས་གཏོང་བའི་རྩ་བའི་བྱེད་ཐབས་ལ་བརྩི་བ་བཅས་བྱས་ཏེ་སློབ་གསོ་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་སྔོན་སྐྱོད་ཁུལ་དང“རྣམ་པ་གསར་པ་དྲུག”གཏོད་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
  • ལེ་ཚན་སྔོན་མ།:མངའ་རིས་ས་ཁུལ་གྱི་བྱིས་པའི་ཕན་བདེ་ཁང་ཟླ་རྗེས་མར་ལས་འགོ་བརྩམ་རྒྱུ་རེད།
  • ལེ་ཚན་རྗེས་མ།:གངས་ལྷ་མེ་ཏོག་རིག་གནས་དགོང་ཚོགས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།