བོད་ལྗོངས་ཉིན་རེའི་ཚགས་པར། 2014-04-30
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་གྲོང་ཚོ6ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་ཐོའི་ནང་ཚུད་ཡོད་པ་དང་། མིག་སྔར་སྲོལ་རྒྱུན་གྲོང་ཚོ5ཡི་ཡིག་ཚགས་དང་སྲུང་སྐྱོབ་གོང་འཕེལ་འཆར་འགོད་རྩ་གནད་བཟོས་ནས་ལེགས་འགྲུབ་བྱུང་ཡོད་པ་རེད།
རྒྱལ་ཁབ་སྡོད་ཁང་འཛུགས་སྐྲུན་པུའུ་དང་རིག་གནས་པུའུ། ནོར་སྲིད་པུའུ་བཅས་ཀྱིས་སོ་སོ་ནས2012ལོའི་ཟླ12པ་དང2013ལོའི་ཟླ5བར་མཉམ་འབྲེལ་ཐོག་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་དཀར་ཆག་ཁག་དང་པོ་དང་གཉིས་པའི་ནང་ཚུད་པའི་གྲོང་ཚོའི་མིང་ཐོ་ཁྱབ་བསྒྲགས་བྱས། དེའི་ནང་བོད་ལྗོངས་ཀྱི་ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་མཚོ་མགོ་གྲོང་ཚོ་དང་། ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་འཇང་མི་རིགས་ཤང་ཚྭ་ཁ་ལྷོ་མའི་གྲོང་ཚོ་སྟོད་མ། ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་སྟོབས་འབར་ཤང་དཀྱིལ་ཡངས་གྲོང་ཚོ། གཞིས་རྩེ་ས་ཁུལ་སྐྱིད་གྲོང་རྫོང་གུང་ཐང་ཤང་རུད་གྲོང་ཚོ་དང་སྐྱིད་གྲོང་གྲོང་རྡལ་སྤང་ཞིང་གྲོང་ཚོ། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཁྲི་ཁང་གྲོང་ཚོ་བཅས་གྲོང་ཚོ6མིང་ཐོ་ནང་ཚུད་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་ཁྲེན་ཇིན་གྱིས་བཤད་རྒྱུར། ད་ལྟ་བོད་ལྗོངས་ཀྱིས་སྲོལ་རྒྱུན་གྲོང་ཚོ5ཡི་ཡིག་ཚགས་དང་སྲུང་སྐྱོབ་གོང་འཕེལ་གྱི་འཆར་འགོད་རྩ་གནད་བཟོས་ཟིན་པ་དངཆེད་མཁས་པས་ཞིབ་དཔྱད་བྱུང་རྗེས། སྲུང་སྐྱོབ་དང་གོང་འཕེལ་གྱི་འཆར་འགོད་མུ་མཐུད་དུ་བཟོས་ཏེ་སྲུང་སྐྱོབ་རང་བཞིན་གྱི་ཉམས་བཟོ་ཚོད་ལྟ་ཁུལ་སོགས་རེ་ཞུ་དང་ལག་བསྟར་བྱེད་པའི་བྱ་བ་རིམ་བཞིན་སྤེལ་རྒྱུ་ཡིན་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10