གདོང་པོ་རབ་བརྟན་དགོན།

ཆོས་འཕེལ།    གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ།    2011-07-14

མཚན་གཞན་ལ་གདོང་རི་དགོན་ཞེས་ཞུ། ཁྱུང་ལུང་དགའ་ལྡན་ལྷ་རྩེ་ནས་སྤྱི་ལེ༡༨༠ཙམ་རྩ་མདའ་རྫོང་ཕྱོགས་སུ་སོང་ན་དགོན་དེར་སླེབས་པ་ཡིན། དགོན་དེ་ནི་བླ་མ་འཇམ་དབྱངས་གཤིན་ཏི་ཞུ་བས་ཕྱག་གཏབ་གནང་མཛད། ཁྱུང་ལུང་དགའ་ལྡན་ལྷ་རྩེ་དང་མདའ་པ་བཀྲ་ཤིས་ལྷུན་པོ་དགོན་ཡང་བླ་མ་དེས་ཕྱག་བཏབ་གནང་མཛད། དགོན་དེ་ནི་དགེ་ལྡན་ལུགས་ཕྱག་ལེན་གནང་ཞིང་སྔོན་སེར་བྱེས་གྲྭ་ཚང་གི་དགོན་ལག་ཡིན་པ་དང་མཁན་པོའང་སེར་བྱེས་གྲྭ་ཚང་ནས་ཕེབས་དགོས། གྲྭ་ཚང་ནས་ཕེབས་དགོས། གྲྭ་པ་གསར་དུ་བཞུགས་པའང་སློབ་གཉེར་གནང་བར་མཐོ་ལྡིང་དགོན་དུ་ཕེབས་སྲོལ་ཡོད། སྔོན་དགོན་དེར་རྟེན་གཙོ་སྐུ་ལི་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་བཞི་དང་། ཚེ་དཔག་མེད། སྒྲོལ་མའི་སྐུ་བརྙན། སྲུང་མ་ལྕམ་སྲིང་དང་ལྷ་མོ། མགོན་པོ་ཕྱག་དྲུག་སོགས་ཡོད།
      ད་ལྟ་ནོར་བུ་མཐོང་སྒྲོལ་གླིང་ཞེས་པར་རབ་བརྟན་དགོན་གསར་བཞེངས་གནང་བའི་ནང་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་སྤྱན་རས་གཟིགས་དང་། ཚེ་དཔག་མེད། སྒྲོལ་མའི་སྐུ་བརྙན། ལྕམ་སྲིང་ལྷ་མོ་སོགས་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་བསྐྱར་བཞེངས་གནང་བ་མཇལ་རྒྱུ་ཡོད་པ་དགོན་དེའི་བྱང་ཤར་ངོས་རི་སྟེང་དུ་སྔོན་གྱི་དགོན་ཤུལ་ཡང་མཇལ་རྒྱུ་ཡོད་དོ། །  (རྩོམ་སྒྲིག་པ་ཨོ་རྒྱན། )
  • ལེ་ཚན་སྔོན་མ།:མ་ནམ་དགོན།
  • ལེ་ཚན་རྗེས་མ།:བཀྲ་ཤིས་ཆོས་གླིང་དགོན།
  • དོ་སྣང་ཆེ་བའི་རྩོམ།