མ་ནམ་དགོན།

ཆོས་འཕེལ།    གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ།    2011-07-14

 མཚན་གཞན་ལ་མ་ནམ་བྱང་ཆུབ་གླིང་ཞེས་ཞུ། མ་ནམ་ཞེས་པ་ནི་མདའ་པ་དགོན་གྱི་གནས་བཤད་དུ་གསལ་བ་དང་། བྱང་ཆུབ་གླིང་ཞེས་པ་ནི་དགོན་དེའི་མཆོད་རྟེན་བྱང་ཆུབ་མཆོད་རྟེན་ཡིན་སྟབས་མཚན་དེ་ལྟར་ཐོགས། གནས་དེ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་《བྱང་ཆུབ་ལམ་གྱི་སྒྲོན་མེ》མཛད་སའང་གནས་དེར་ཡིན།
        ད་ལྟ་སྔོན་གྱི་ལྷ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་དུང་ས་མེ་ལོང་ཞེས་པའི་ཡུལ་གྱི་གྱང་གོག་སོགས་མཇལ་རྒྱུ་ཡོད།  (རྩོམ་སྒྲིག་པ་ཨོ་རྒྱན། )
  • ལེ་ཚན་སྔོན་མ།:དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་།
  • ལེ་ཚན་རྗེས་མ།:གདོང་པོ་རབ་བརྟན་དགོན།
  • དོ་སྣང་ཆེ་བའི་རྩོམ།