བདེ་ཆེན་ཕོ་བྲང་།

ཆོས་འཕེལ།    གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ།    2011-05-18

                                                                             བདེ་ཆེན་ཕོ་བྲང་།
མཚན་རྒྱས་པར། བདེ་ཆེན་སྐལ་བཟང་ཕོ་བྲང་ཞེས་ཞུ། བཀྲས་ལྷུན་དགོན་ནས་སྤྱི་ལེ་གཅིག་ཙམ་ལྷོ་ནུབ་ངོས་སུ་སོང་ན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཞུགས་གནས་ཕོ་བྲང་དེར་སླེབས་པ་ཡིན། ཕོ་བྲང་དེ་ནི་པཎ་ཆེན་སྐུ་ཕྲེང་ན་རིམ་བཞུགས་ཡུལ་ཕོ་བྲང་ཀུན་སྐྱོབ་གླིང་གི་ལྟེ་བ་ལེ་ལག་དང་བཅས་པ་སྤྱི་ལོ་༡༩༥༩ལོར་ཉིང་རོའི་ཆུ་བརྡོལ་ཆེན་པོས་འཇིགས་སྟབས་ཀྲུང་དབྱང་ལ་སྙན་སེང་ཞུས་པ་ལྟར་ཉམས་པ་སོར་ཆུད་ཞུ་རྒྱུའི་གྲོན་དངུལ་ཁྱོན་ཆེ་སྩལ་བ་བཀའ་དྲིན་ཆེ་བ་བཞིན་བདེ་ཆེན་ཕོ་བྲང་གི་ཤུལ་དུ་གསར་བསྐྲུན་ཞུ་གཏན་འཁེལ། ལས་གྲྭའི་གྲ་སྒྲིག་སྤྱི་ལོ༡༩༥༥ལོའི་བོད་ཟླ་༨པར་དབུ་ཚུགས། གཞིས་རྩེ་ཀུང་ཧུད་དཔོན་རིགས་དང་། པཎ་ཆེན་ནང་སྒང་། ལྷག་པར་དུ་གོང་ས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་དགོངས་གཞི་མཛུབ་སྟོན་བཅས་ཀྱི་འོག  པེ་ཅིང་ནས་ཆེད་བཏང་བཟོ་སྐྲུན་ཆེན་མོ་བ་དང་། འདིར་ཡོད་རྒྱ་རིགས་བཟོ་སྐྲུན་ཆེན་མོ་བ། བོད་རིགས་ཤིང་བཟོ་དབུ་ཆེན་བཅས་ཀྱི་ཕོ་བྲང་ལྟེ་བ་དང་། ལེ་ལག་མཛོད་སྦུག། འཕྲུལ་འཁོར་ཁང་། སློབ་གྲྭ་ཁང་། ལས་ཤག་བཅས་ ཀྱི་འཆར་འགོད་ས་བཀྲ་འཕྱུགས་པ་མེད་པ་བཀོད་གནང་མཛད། ཕོ་བྲང་ལྟེ་བ་རྡོ་རྩིག་མཐོ་བའི་སྟེང་ཚོམས་ཆེན་དང་། གཟིམ་ཆུང་ཁག་ལ་ལྕགས་གདུང་ལ་ཨར་འདམ་གྱིས་བཏུམས་པས་ཀ་བ་མེད་པའི་ཁྱད་ཆོས་དང་། ཕྱི་རྩི་སེར་པོ་སྤེན་བད་ནག་པོ། ཡང་སྟེང་གསེར་ཟངས་གྱི་གཉྫི་ར་དང་། རྒྱལ་མཚན་སོགས་ཀྱིས་བརྒྱན་ཏེ་བོད་ཕྱི་ཟུང་དུ་སྦྲེལ་བའི་ངོ་མཚར་ཆེ་བའི་ཁྱད་ཆོས་ལྡན་ཡོད། (རྩོམ་སྒྲིག་པ་ཨོ་རྒྱན།)
  • ལེ་ཚན་སྔོན་མ།:ཨོ་རྒྱན་ལྷ་ཁང་།
  • ལེ་ཚན་རྗེས་མ།:དར་རྒྱས་གླིང་།
  • དོ་སྣང་ཆེ་བའི་རྩོམ།