བོད་ཀྱི་དར་ལྕོག

སྒ་བུས་བྲིས།    གཉན་པོ་གཡུ་རྩེ།    2011-05-31

དར་ལྕོག་ནི་དར་རམ་རས་ཀྱི་སྟེང་དུ་གཟུངས་སྣ་ཚོགས་དཔར་ནས་རི་རྩེ་དང་ལ་ཁ།ཡང་ན་སྒོ་ཁང་གི་ཀླད་སོགས་རླུང་བུ་རྒྱུ་ས་ཀུན་ཏུ་བསྐྱོད་པ་དེ་ལ་ཟེར།བཤད་རྒྱུན་ལ་ལར་དར་ལྕོག་ཐོག་མར་དམག་གི་རྟགས་དང༌།ཡང་འགའ་རེས་ས་རྟགས་ཡིན་པ་ཕྱིས་སུ་ཆོས་ལུགས་ཀྱི་ཕྱག་སྲོལ་དུ་གྱུར་ཚུལ་བཤད་པར་དཔྱད་རྒྱུ་ཡོད་དོ།།
བོད་ཀྱི་དར་ལྕོག
 
༡དར་ལྕོག་གི་ཕན་ཡོན་ནི།ནང་ཆོས་ལས་གཟུངས་སྔགས་དཔར་བའི་དར་གྱི་སྟེང་དུ་རླུང་ཕོགས་པའི་རླུང་དེ་སེམས་ཅན་གང་གི་སྟེང་དུ་ཕོགས་ན་སེམས་ཅན་དེ་ལ་ངན་འགྲོ་མེད་པར་གསུངས་པ་དང༌།འཇིག་རྟེན་འདིའི་དབང་དུ་བཅོས་ན།རྐྱེན་ངན་བར་ཆད་སོགས་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་འགོག་པ་དང༌།ཚེ་བསོད་དབང་ཀླུང་སྙན་གྲགས་སོགས་མཐུན་པའི་ཕྱོགས་ཐམས་ཅད་གོང་ནས་གོང་དུ་རྒྱས་པ་སོགས་ཀྱི་དགེ་མཚན་ལྡན་ནོ།།
༢  དར་ལྕོག་གི་མཚོན་དོན་ནི།སྤྱི་བཏང་དར་ལྕོག་ནི་སྔོན་པོ། དཀར་བོ། དམར་བོ། ལྗང་གུ། སེར་བོ་སོགས་དར་ཚོན་སྣ་ལྔའི་སྟེང་དཔར་སྲོལ་ཡོད་ལ། དེ་དག་ནི་འབྱུང་ལྔའི་མཚོན་བྱེད་ཡིན་པ་རྩིས་གཞུང་འགའ་རེར་གསུངས། འབྱུང་བ་ལྔ་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔར་བགྲང་ཡང༌། རྩིས་གཞུང་དུ་ཤིང༌དང་མེ།ལྕགས་དང་ཆུ།ས་བཅས་ལྔ་བགྲང་མོད། འོན་ཀྱང་དར་ལྕོག་གི་ཁ་དོག་དེ་དག་བསྒྲིགས་སྟངས་ལ་འདྲ་མི་འདྲ་མང་བོ་མཐོང་རྒྱུ་ཡོད་མོད། སྔ་རབས་དབུས་གཙང་ཕྱོགས་ཀྱི་ཕྱག་རྒྱུན་ལྟར་བྱེད་དེ། དེ་ནི་སྔོན་པོ་གནམ་དང༌། དཀར་བོ་སྤྲིན། དམར་བོ་མེ།ལྗང་གུ་ཆུ། སེར་བོ་སའི་མཚོན་དུ་བཤད་དོ། །
༣ དར་ལྕེ་ནི། རང་རང་གི་རླུང་རྟའི་ཁམས་ཀྱི་མདོག་གོང་དུ་བྱ་ལ།དེ་ནས་རིམ་བཞིན་དགྲ་འདེད་ཀྱི་ཁ་དོག་སྣ་ལྔ་བྱའོ། ། ཞིབ་ཏུ་རྩིས་གཞུང་དུ་ཤེས་པར་བྱའོ། །
  • ལེ་ཚན་སྔོན་མ།:རྒྱལ་མོ་རྨུར་རྡོའི་བསང་མཆོད།
  • ལེ་ཚན་རྗེས་མ།:བོད་ཀྱི་ལབ་ཙེ།