དཀོན་མཆོག་བསྟན་འཛིན།འཕྲིན་ལས་རྒྱལ་མཚན། བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ། 2011-02-25
ཡན་ལག་འབྲིང་པོ་ནི།གོང་གི་སྦྱོར་ཚོན་རྣམས་ལའང་སྡེབ་སྦྱོར་མང་དུ་བྱར་ཡོད་པས་འབྲིང་པོ་ལ།དཀར་པོ་དཀར་སེར་དཀར་དམར་ཆུ་ཤེལ་མདོག །སེར་པོ་སེར་སྐྱ་དམར་སེར་ལི་ཁྲིའི་མདོག །དམར་པོ་དམར་སྐྱ་དམར་སྨུག་རྒྱ་སྐག་མདོག །སྔོན་པོ་སྔོ་སྐྱ་མཐིང་ནག་གཡུ་ཁའི་མདོག །ལྗང་གུ་ལྗང་སྐྱ་ལྗང་སེར་ལྗང་ནག་དང་།།ཤ་ཁ་ཇ་ཁ་མོན་ཁ་ཐལ་ཁ་དང་།སྨུག་པོ་སྨུག་ནག་ན་རོས་གློ་བ་ཁ།།དུད་ཁ་རེ་ཁ་རུས་ཁ་མུན་མདོག་གོ།།ཞེས་ཡོངས་གྲགས་ཀྱི་སྦྱོར་ཚུལ་སུམ་སུ་རྩ་གཉིས་སོ།།
རྩོམ་གསར། 10