
གནའ་ནས་སྨུག་རོང་ལུང་པའི་སྟོད་སྨད་ཀུན་ལ་རྡོ་ལ་ཡི་གེ་དང་མ་ཎི་བརྐོ་རྒྱུའི་སྲོལ་བྱུང་ཡོད་པས་མ་ཚད་རྡོ་རྐོའི་ལག་རྩལ་ཚད་མཐོ་ཤོས་མང་པོ་ཡོད་མྱོང་བས་གང་སར་ལྷ་དང་ཡི་གེ་མ་ཎི་སོགས་མང་པོས་ཁྱབ་ནས་ཡོད་པ་ད་ལྟའི་མིག་ལམ་དུ་གྱུར་ཡོད། གནའ་ནས་རྡོ་བརྐོས་ལག་རྩལ་མཐོ་ཤོས་ཡོད་པའི་ཁྱིམ་ཚང་ལ་རུས་མིང་ཡང་རྡོ་རྐོ་ཚང་ཞེས་ཆགས་ཡོད།

དེང་སང་ཡང་རྡོ་ལ་རི་མོ་དང་ཡི་གེ་བརྐོ་རྒྱུ་དང་ཆོས་ལ་དམིགས་ནས་མ་ཎི་སོགས་གཟུངས་སྔགས་སྣ་ཚོགས་དང་སྡིག་བཤགས་སོགས་གང་མང་རྡོ་ལ་རྐོ་བཞིན་ཡོད་པ་ནི་ས་དེ་གའི་རིག་གནས་ལག་རྩལ་གྱི་ཁྱད་ཆོས་ཤིག་ལ་རྩི་བཞིན་ཡོད་དོ།།

